བོད་ནང་འཛུགས་སྐྲུན་ཙམ་གྱིས་དྲང་བདེན་ཚབ་སྣོན་བྱེད་མི་ཐུབ།
2011.09.11
༄༅༎བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་འཛུགས་བསྐྲུན་བྱས་ཙམ་གྱིས་དྲང་བདེན་ཡོང་ཐབས་མེད་ལུགས་གསུངས་གནང་འདུག
འདི་ལོའི་རྒྱལ་སྤྱིའི་ཞི་བདེ་དང་དྲང་བདེན་འཛུགས་བསྐྲུན་བཅས་ཀྱི་ཚོགས་ཆེན་དེ་དྷ་རམ་ས་ལར་རེས་གཟའ་སྤེན་པ་ནས་ཉིན་གསུམ་རིང་བསྐྱང་བཞིན་པའི་ཚོགས་མགོན་དུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གདན་ཞུ་གནང་བར་ལྟར་རེས་གཟའ་སྤེན་པའི་གནང་བའི་གསུངས་བཤད་ནང་ བཀའ་བློན་ཁྲི་པས་བོད་མི་ཚོས་འཚེ་མེད་ཞི་བའི་ཐོག་ནས་སོ་སོའི་རང་དབང་དང་དྲང་བདེན་ལ་འཐབ་རྩོད་བྱེད་ཡོད་པ་རེད། དེའི་དང་ཆབས་ཅིག་འཛུགས་སྐྲུན་ཡང་དགོས་ཀྱི་རེད། འོན་ཀྱང་འཛུགས་བསྐྲུན་ཁོ་ནས་དྲང་བདེན་གྱི་ཚབ་མཚོན་ཐུབ་ཀྱི་མེད་སྐོར་གསུངས་གནང་འདུག། ཨོ་སེ་ཀྲོ་ལི་ཡའི་ ཇུ་ལི་ ཕེ་ལ་ཅར་གྱིས་ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་རྒྱ་ཆེ་ས་ནས་གཟིགས་ཀྱི་ཡོད་པ་དང་ ཚོགས་ཆེན་འདིའི་ཐོག་བོད་དོན་དང་འབྲེལ་བའི་ཆེད་རྩོམ་གསུམ་འགྲེམས་སྤེལ་གནང་གི་ཡོད་པ་དེ་དག་གི་ནང་དོན་དྷ་རམ་ས་དང་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་གནད་འགག་ཆེན་པོ་ཡོད་ལུགས་གསུངས་གནང་འདུག ཉིན་གསུམ་རིང་གི་རྒྱལ་སྤྱིའི་ཚོགས་ཆེན་འདི་བཞིན་དབུས་དང་མངའ་སྡེའི་གཙུག་ལག་སློབ་གྲ་ཆེན་མོ་དང་ རྒྱལ་སྤྱིའི་སྤྱི་ཚོགས་ལྷན་ཚོགས་ཀྱི་སྤྱི་ཚོགས་ཉམས་ཞིབ་ཚོགས་ཚུང་ཐོུང་གིས་གོ་སྒྲིག་ཞུས་གནང་བ་དང་ཚོགས་ཆེན་འདི་རྒྱ་གར་ནང་གོ་སྒྲིག་ཞུས་པ་ཐོག་མ་དང་ཨེ་ཤེ་ཡའི་ནང་ཐེངས་གཉིས་པ་དེ་ཡིན་འདུག། ཚོགས་ཆེན་འདིར་རྒྱལ་ཁབ་དང་བཅུ་གསུམ་དང་རྒྱ་གར་གྱི་མངའ་སྡེ་ཉི་ཤུའི་སྐུ་ཚབས་མཉམ་ཞུགས་གནང་ཡོད་འདུག།