བཀའ་ཁྲི་མཆོག་གྷན་རྡིའི་ལྟ་གྲུབ་ཀྱི་ལྷན་ཚོགས་སུ་ཕེབས་ཞུགས།

མེས་པོ་དམ་པ་གྷན་རྡིས་རྒྱ་གར་དབྱིན་ཇིའི་འོག་ནས་རང་སྲིད་རང་སྐྱོང་ལས་འགུལ་སྤེལ་གནང་ནས་ལོ་ངོ་བརྒྱ་ཐམ་པ་ཧྲིལ་བུར་འཁོར་བ།

2009.11.19

༧༧༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་མེས་པོ་དམ་པ་གྷན་རྡིས་རྒྱ་གར་དབྱིན་ཇིའི་འོག་ནས་ཧིནད་ས་ཝ་རཇ་འམ་རང་སྲིད་རང་སྐྱོང་ཞེས་པའི་ལས་འགུལ་སྤེལ་གནང་ནས་ལོ་དེར་ལོ་ངོ་བརྒྱ་ཐམ་པ་ཧྲིལ་བུར་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་འཆར་ཞིག་གོ་བསྒྲིགས་ཞུས་ཡོད་པ་ལྟར་ད་རིང་དབུ་འབྱེད་མཛད་སྒོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་མཉམ་ཞུགས་གནང་ཡོད་འདུག། བཀའ་བློན་ཁྲི་པ་མཆོག་གིས། ཧིནད་ས་ཝ་རཇ་ཞེས་པའི་ལྟ་གྲུབ་དེ་བཞིན་དེ་སྔ་ཕྱི་ལོ་ ༡༩༠༩ ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་། དབྱིན་ཡུལ་ནས་ཕྱིར་ཕེབས་པའི་སྐབས་རྩོམ་བྲིས་གནང་བ་ཞིག་ཡིན་པ་དང་། དེ་ནི་དེང་དུས་ཀྱི་འཛམ་གླིང་ནང་ལམ་སྟོན་ལྟབུ་ཞིག་ཆགས་ཡོད་རེད་ཅེས་གསུངས་གནང་འདུག། ལྷན་ཚོགས་འདི་བཞིན་གཞུང་འབྲེལ་མ་ཡིན་པའི་ས་ཝ་རཇ་ པིར་ཞེས་པའི་ཚོགས་པ་དེས་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་དེའི་ནང་རྒྱལ་སྤྱི་དང་རྒྱལ་ནང་གི་གྷན་རྡིའ་ལྟ་གྲུབ་འཛིན་གནང་མཁན་གྱི་མཁས་དབང་དང་། སྤྱི་ཚོགས་ཞབས་ཞུ་བ། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སོགས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་གི་ཡོད་འདུག།

ཡང་གོ་བསྒྲིགས་གནང་མཁན་སྐུ་ཞབས་ར་ཇིཝ་ ཝོཧ་ར་མཆོག་གིས། ལྷན་ཚོགས་འདིའི་ཐོག་ནས་འཆར་གཞི་ཞིག་བཟོ་བཀོད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་རྒྱུའི་འཆར་གཞི་ཡོད་པ་མ་ཟད་༧གོང་ས་མཆོག་ལ་རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལམ་གྱི་ལས་འགུལ་སྤེལ་ཐབས་སུ་སྣེ་འཁྲིད་གནང་དགོས་པའི་འབོད་སྐུལ་ཞུ་རྩིས་ཡོད་ཅེས་གསུངས་གནང་འདུག། ལྷན་ཚོགས་འདིའི་མཇུག་བསྒྲིལ་ཉིན་མོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གི་ཡོད་འདུག། དེ་དང་ཕྱོགས་མཚུངས་བཙན་བྱོལ་ནང་གི་བོད་རང་བཙན་སློབ་ཕྲུག་ལས་འགུལ་ཚོགས་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་ཁྱབ་སྤེལ་གནང་མཁན་གྱི་ལྟེ་གནས་ཁང་གི་འགན་འཛིན་བསམ་མཁར་བསྟན་པ་ཆོས་འཕེལ་ལགས་དང་། རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་མཉམ་ཞུགས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎