བོད་མི་ཚོས་ས་གནས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་སྟེང་བོད་ཡིག་མེད་པའི་གནས་སྟངས་ལ་ཞུ་འབོད།


2018.01.19
བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་གཞུང་འབྲེལ་དྲྭ་རྒྱའི་མདུན་ངོས། ༢༠༡༨།༡།༡༩ བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་གཞུང་འབྲེལ་དྲྭ་རྒྱའི་མདུན་ངོས། ༢༠༡༨།༡།༡༩
RFA

བོད་མི་ཁག་གཅིག་གིས་རྒྱ་ནག་གི་ཆེས་མཐོ་ཁྲིམས་ཁང་ལ་ཕུལ་བའི་རེ་ཞུ་ཡི་གེར་བོད་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་གནང་འདུག
བོད་མིའི་ཁྲིམས་གླེང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཁྲིམས་གླེང་དྲ་རྒྱའི་རྩོམ་སྒྲིག་པ་དང་ཁྲིམས་རྩོད་པ་ཕྱི་སྡོད་བོད་མི་སྒྲོལ་མ་སྐྱབས་ཀྱི་གཙོས་བོད་ཕྱི་ནང་གི་བོད་མི་ ༡༢༡་ལྷག་གིས་བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་མི་དམངས་ཁྲིམས་ཁང་གི་གཞུང་འབྲེལ་དྲྭ་རྒྱའི་སྟེང་བོད་ཡིག་མེད་པའི་གནས་སྟངས་ཐད་རྒྱ་ནག་གི་ཆེས་མཐོ་ཁྲིམས་ཁང་ལ་རེ་ཞུ་ཡི་གེ་ཞིག་ཕུལ་འདུག
རེ་ཞུ་ཡི་གེའི་ནང་བོད་ཡིག་མེད་པ་དེ་ནི་བསམ་བཞིན་དུ་ཡིན་མིན་ལ་མ་ལྟོས་པར། རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་འབྲེལ་ཡོད་སྒྲིག་སྲོལ་གྱི་དགོས་འདུན་ལ་སྣང་མེད་དུ་བཞག་པ་ཡིན་པ་དང་། བོད་ཡིག་མེད་པའི་དབང་གིས་རྒྱ་ཡིག་མི་ཤེས་མཁན་ཚོས་ཁྲིམས་ཁང་གི་སྤྱི་བསྒྲགས་དང་ཡིག་ཆ་ཁག་ཀློག་མི་ནུས་པས། རང་ཉིད་ལ་ཁྲིམས་ལུགས་ཀྱི་བསྩལ་བའི་ཐོབ་ཐང་དང་སྲུང་སྐྱོབ་ཅི་ཞིག་ཡོད་པའང་ཤེས་ཀྱིན་མེད་ཅེས་བཀོད་འདུག
རྒྱབ་སྐྱོར་གནང་མཁན་མང་ཆེ་བ་བོད་ནང་གི་བོད་མི་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བོད་མི་སྐོར་ཞིག་གིས་ཀྱང་རྒྱབ་སྐྱོར་གནང་ཡོད་པ་རེད།  
དེ་མིན་རེ་ཞུ་ཡི་གེའི་ནང་བོད་རིགས་ཐོབ་ཐང་རྩོད་ལེན་མཁན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་ཆེད་བཀོད་གནང་ཡོད་པ་དང་། བདུན་ཕྲག་གཉིས་ཀྱི་སྔོན་དུ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྲིམས་དཔྱོད་གནང་ཡོད་ཀྱང་ཁྲིམས་ཐག་བཅད་མེད།
༢༠༡༥་ལོར་ཨ་རིའི་ནིའུ་ཡོག་དུས་བབ་ཀྱིས་བཟོས་པའི་བརྙན་ཐུང་དེའི་ནང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་གནས་སྟངས་ལ་སེམས་ཁུར་གནང་ནས་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་དང་། དབུས་བརྙན་འཕྲིན་ཁང་སོགས་ཀྱི་རྒྱབ་སྐྱོར་འཚོལ་གྲུབ་གནང་ཡང་ཐོབ་མེད་པའི་སྐོར་གླེང་ཡོད་པ་རེད།
ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་དེ་བཏོན་ནས་བདུན་ཕྲག་གཉིས་ཀྱི་རྗེས་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་། ལོ་གཉིས་ཀྱི་རྗེས་ཏེ་ཟླ་འདིའི་ཚེས ༤འི་ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་དཔྱོད་བྱས་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎