རྒྱ་ནག་གཞུང་གིས་བོད་མི་བཞི་སྲོག་ཐོག་བཏང་བར་རྒོལ་གླེང༌།

རྒྱ་ནག་གཞུང་གིས་བོད་མི་བཞི་སྲོག་ཐོག་བཏང་པར་བཙན་བྱོལ་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ཕམ་དང་བྱ་སྤྱོད་དེར་སྐྱོན་བརྗོད་ཡོད་སྐོར།

2009.10.23

༄༅༎སྔ་ལོ་བོད་ཀྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་ཐེ་གཏོགས་ཡོད་ལུགས་ཀྱི་ནག་ཉེས་འོག་རྒྱ་ནག་གཞུང་གིས་བོད་མི་བཞི་སྲོག་ཐོག་བཏང་པར་བཙན་བྱོལ་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ཕམ་གྱི་སྨོན་ལམ་གསོལ་འདེབས་དང་ཆབས་ཅིག་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཡོད་སྐོར་རེས་གཟའ་ཕུར་བུའི་ཉིན་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།

བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་པར་གཞིགས་ན་ཕྱི་ཚེས་ཉི་ཤུ་ཉིན་རྒྱ་ནག་གཞུང་གིས་སྔ་ལོ་བོད་དོན་ལས་འགུལ་ཁྲོད་ཞུགས་མཁན་བློ་བཟང་རྒྱལ་མཚན་སོགས་བོད་མི་བཞི་ལ་མི་གསོད་ཁྲག་སྦྱོར་གྱི་ཉེས་འཛུགས་འོག་སྲོག་ཐོག་བཏང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་བློ་ཕམ་དང་བཅས་ཚེ་འདས་དེ་རྣམས་གྲུ་འཛིན་མགོན་པོས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ཞིང་མཐར་ཐུག་རྫོགས་བྱང་གི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་དང་རྒྱ་དམར་ནས་བོད་མི་རྣམས་ལ་ནག་མེད་ཉེས་འཛུགས་ཀྱིས་ཁྲིམས་ལུགས་ཀྱི་གོ་རིམ་མེད་པའི་བྱ་སྤྱོད་ངན་པ་རིམ་སྤེལ་ཐོག་བོད་མིར་དམང་གསོད་དང་འཛིན་བཟུང་བཙོན་འཇུག སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་རྣམས་ལ་ངོ་རྒོལ་དང་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་མི་ལོ་དྲུག་བཅུ་མ་ཟིན་གྱི་རིང་བོད་མི་རྣམས་ཀྱིས་བདེ་སྡུག་རིམ་ཞུས་ལ་ཁྲིམས་མཐུན་ཉན་འཇོག་དང་དཀའ་སེལ་ལག་བསྟར་ཐུབ་ཆེད་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་བདེན་རྒྱབ་དཔུང་རོགས་དང་རྒྱ་གཞུང་ནས་ཀྱང་དེ་ལུགས་ལག་བསྟར་ངེས་པར་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གིས་སྲོག་ཐོག་བཏང་པའི་བོད་མི་བཞི་པོ་རྣམས་ནི་ལྷ་ས་ནས་དགུང་གྲངས་ཉི་ཤུ་རྩ་བདུན་ཡིན་པ་བློ་བཟང་རྒྱལ་མཚན་དང་ལྷ་ས་བཀྲིས་གང་ནས་དགུང་གྲངས་ཉི་ཤུ་རྩ་ལྔ་ཡིན་པ་ལོ་ཡག་དང་ས་སྐྱ་ནས་དགུང་གྲངས་ཉི་ཤུ་རྩ་གཅིག་ཡིན་པ་པད་སྐྱིད་དང་ཡང་བོད་མི་བཞི་པ་དེ་ད་ལྟ་ཕན་ངོ་རྟགས་གསལ་པོ་ཆོད་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎