སྤྱི་འཐུས་ཀྱི་ཚོགས་དུས་གསུམ་པའི་གསལ་བརྡ།

ཕྱི་ཟླ་བཅུ་པའི་ཚེས་༡༤འཁོད་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་སྐབས་༡༥པའི་ཚོགས་དུས་གསུམ་པའི་ཚོགས་དུས་གསལ་བརྡ་བཏང་གནང་བ།

2011.10.16

༄༅༎བཞུགས་སྒར་རྡ་རམ་ས་ལའི་ཚོགས་དྲུང་ཡིག་ཚང་གིས། ཕྱི་ཟླ་བཅུ་པའི་ཚེས་༡༤ འཁོད་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་སྐབས་༡༥ པའི་ཚོགས་དུས་གསུམ་པའི་ཚོགས་དུས་གསལ་བརྡ་བཏང་གནང་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པའི་འབྲུ་དོན་བཞིན། བོད་མི་དམངས་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་ནི། ༢༠༡༢ ལོའི་ཕྱི་ཟླ་༣ པའི་ཚེས་༡༤ རེས་གཟའ་ལྷག་ནས་དབུ་བཙུགས་ཀྱིས་༢༠༡༢ ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༤ རེས་གཟའ་སྤེན་པ་བར་ཉིན་གྲངས་བཅུའི་རིང་བཞུགས་སྒར་རྡ་རམ་སར་སྤྱི་འཐུས་ཚོགས་ཁང་དུ་ཚོགས་རྒྱུའི་གསལ་བརྡ་དང༌། སྤྱི་འཐུས་ཚོགས་མི་རྣམས་ཕྱི་ལོ་གསར་པའི་ཕྱི་ཟླ་གསུམ་པའི་ཚེས་༡༣ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་འབྱོར་ཐོ་འགོད་གནང་རྒྱུ་སོགས་དུས་ཐོག་ཏུ་ཚོགས་བཅར་དགོས་པ། གསལ་བརྡ་ངོ་ཤུས་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་དབུས་པའི་བཀའ་བློན་རྣམ་པ་དང༌། བོད་མི་དམངས་སྤྱི་འཐུས་རྣམ་པ། བཞུགས་སྒར་དུ་ཡོད་པའི་ལས་ཁུངས་ཁག གཞུང་འབྲེལ་གསར་ཤོག་ཁག་ལ་བཏང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎