བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་ཨ་རིར་རྒྱ་རིགས་དང་ཐུག་འཕྲད།


2015.04.29
བོད་མི་མང་སྤྱི་འཐུས་ཁག་ཅིག་ཨ་རིར་རྒྱ་རིགས་དང་ཐུག་འཕྲད། བོད་མི་མང་སྤྱི་འཐུས་ཁག་ཅིག་ཨ་རིར་རྒྱ་རིགས་དང་ཐུག་འཕྲད་སྐབས། ༢༠༡༥།༤།༢༧
མཐུན་འགྱུར་པར་རིས།

བོད་མི་མང་སྤྱི་འཐུས་ཁག་ཅིག་ཨ་རིར་མི་རིགས་གཞོན་སྐྱེས་འགོ་ཁྲིད་སྦྱོང་བརྡར་ཚོགས་འདུ ར་མཉམ་ཞུགས་ཀྱིས་རྒྱ་རིགས་དང་ཐུག་འཕྲད་གནང་འདུག
དེ་ཡང་ཕྱི་ཚེས་༢༧ནས་འགོ་འཛུགས་ཀྱིས་ཉིན་བཞིའི་རིང་འདི་ག་རྒྱལ་ས་ཝ་ཤིན་ཊོན་དུ་སྤྱི་དམངས་ནུས་སྟོབས་ཞེས་པའི་ཚོགས་པ་གསར་འཛུགས་གནང་མཁན་རྒྱ་རིགས་ཡང་ཅིན་ལིས་ཡིས་གོ་བསྒྲིགས་འོག་ལོ་རེའི་“མི་རིགས་གཞོན་སྐྱེས་འགོ་ཁྲིད་སྦྱོང་བརྡར་ཚོགས་འདུ་”ཐེངས་བཅུ་པ་དེ་ཨ་རིའི་རྒྱལ་སའི་ཉེ་འགྲམ་མེ་རི་ལན་ཌི་ནང་འཚོགས་བཞིན་ཡོད་པ་རེད། ཚེས་༢༧ཉིན་གྱི་སྔ་དྲོའི་ལས་རིམ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རི་
སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བ་དང་། དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད་བརྙན་འཕྲིན་ཐོག་བཏོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་དང་། ཨེ་ཤེ་ཡའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཚོགས་པའི་ཚོགས་མི་བློ་བཟང་ཚེ་བརྟན་ལགས་དང་། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་
གཙོས། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་དང་ཡེ་ཤེས་བསྟན་འཛིན་ལགས། ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལགས་བཅས་དང་། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སོགས་མཉམ་ཞུགས་གནང་འདུག སྤྱིར་ཚོགས་བཅར་བ་མི་གྲངས་བརྒྱ་ཙམ་ཡོད་པའི་ནང། ཡུ་གུར། སོག་པོ། ཐའེ་ཝན། ཧོང་ཀོང་། མེ་ཁའོ། རྒྱ་ནག་སྐམ་ས། ཆོས་འཁོར་སྒོམ་སྒྲུབ། ཁྱུ་པ་སོགས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག་ལ་ཕྱི་ཚེས་༣༠ཉིན་ལྷན་ཚོགས་མཇུག་བསྒྲིལ་གནང་རྒྱུ་རེད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎