དགེ་འདུན་པ་ཁག་གིས་ཨ་རིའི་ནང་དཀྱིལ་འཁོར་བཞེང་འཆར།

འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་འགའ་ཞིག་གིས་ནིའུ་སྦེ་ཌེ་ཕོདྲ་ནང་འཛམ་གླིང་ཞི་བདེའི་དོན་དུ་དམིགས་ཏེ་དཀྱིལ་འཁོར་བཞེང་རྒྱུ།

2009.05.30

༄༅༎རྒྱ་གར་ལྷོ་ཕྱོགས་ཀར་ཌ་ཊ་ཀ་མངའ་སྡེའི་མོན་རྒོ་ཌ་འདོད་རྒུ་གླིང་གི་བོད་མིའི་གཞིས་སྒར་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་འགའ་ཞིག་གིས་ཨ་མི་རི་ཀའི་མངའ་སྡེ་མེ་ས་ཆུ་སེཏ་སེ་མངའ་ཁུལ་གྱི་གྲོང་ཁྱེར་ནིའུ་སྦེ་ཌེ་ཕོདྲ་ཟེར་བའི་ནང་འཛམ་གླིང་ཞི་བདེའི་དོན་དུ་དམིགས་ཏེ་དཀྱིལ་འཁོར་བཞེང་རྒྱུ་དང་གར་འཆམ་བསྐྱོན་པ་ཆོས་དབྱངས་འདོན་པ་ལ་སོགས་པའི་བོད་ཀྱི་ཆོས་དང་རིག་གཞུང་མཚོན་པའི་བྱེད་སྒོ་སྣ་ཚོགས་ཤིག་ཁུལ་དེའི་མི་མང་ཚོར་རིན་པ་མེད་པར་དེང་སྐབས་འགྲེམས་སྟོན་གནང་བཞིན་པ་ཡིན་པ་རེད། ས་གནས་ཀྱི་གནས་འཕྲིན་དྲ་རྒྱའི་ཐོག་ལ་སྤེལ་བའི་གནས་ཚུལ་ལྟར་ན་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཚོས་དེ་རིང་ནས་འགོ་འཛུགས་གནང་སྟེ་ཕྱི་ཟླ་དྲུག་པའི་ཚེས་བདུན་བར་དཀྱིལ་འཁོར་བཞེང་རྒྱུ་དང་གར་འཆམ་བསྐྱོན་པ།ཆོས་དབྱངས་འདོན་པ་ལ་སོགས་པའི་ཆོས་ཕྱོགས་ཀྱི་ཐབས་ལམ་རྒྱུད་ནས་སྤྱིར་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་དང་བྱེ་བྲག་མིའི་སེམས་རྒྱུད་འདུལ་བའི་ལམ་ནས་བདེ་སྐྱིད་འབྱུང་ཐབས་སླད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་རེད། སྤྱིར་བཏང་བྱེད་ན་སྐྱེ་བོ་བྱིངས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་རྒྱལ་ཁབ་གཞན་ལ་ཤོར་བ་དང་དུས་མཚུངས་རིམ་པས་སོ་སོའི་ཕ་མེས་ཀྱི་ལག་རྒྱུན་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་དང་འབྲེལ་བ་བརླག་འགྲོ་གི་ཡོག་རེད། དེ་ལས་ལྡོག་སྟེ་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་བོད་ཀྱི་དགོན་སྡེ་གྲངས་༦༥༠༠ལྷག་རྩ་མེད་གཏོར་བཤིག་བཏང་ཀྱང་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་གྲངས་ཉིས་བརྒྱ་ལྔ་བཅུ་ལྷག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཐུབ་པ་བྱུང་སྟེ་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་སློབ་གྲྭ་གསར་འཛུགས་གནང་བས་མ་ཟད་ད་ཆ་དགེ་འདུན་ཞལ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གདན་ས་དེར་བཞུགས་ཅིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་ཆུང་ཡོངས་རྫོགས་གསན་སྦྱོང་གནང་བཞིན་པ་ཡིན་པ་རེད་ཅེས་གནས་ཚུལ་བཀོད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎