གྲ་བློ་བཟང་བརྩོན་འགྲུས་ལ་ལོ་བཅུའི་ཁྲིམས་བཅད།

རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་སུ་ལོ་བཅུ་ཁྲིམས་བཅད་བཏང་སྟེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་སྤོ་སྐྱེལ་བྱས་པ།

2011.10.07

༄༅༎རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་སུ་ལོ་བཅུ་ཁྲིམས་བཅད་བཏང་སྟེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད་པ་རེད་བཞག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་བརྒྱུད་ལམ་ནས་གནས་་ཚུལ་ཤེས་རྟོག་བྱུང་བར་ལྟར་ན་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ཆེན་མོའི་སྐབས་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་འོག་ལྷ་ས་གྲོང་་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་པའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་སུ་ལྷ་སའི་འབྲེལ་ཡོད་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་༡༠བཅུའི་ཁྲིམས་བཅད་བཏང་སྟེ་ད་ལྟ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་བཀོད་གནང་འདུག
དེ་ཡང་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ནི་ཕྱི་ལོ་༡༩༦༥ལོར་སྐྱེ་རྒུ་མདོ་འབྲུ་རྟ་ཤང་སྒེར་ར་གྲོང་ཞེས་པར་ཕ་བློ་བཟང་ཤེས་རབ་དང་མ་སྒྲོལ་དཀར་ཚེ་མཚོ་གཉིས་སུ་འཁྲུངས་ཤིང་ཆུང་དུས་ས་གནས་དེ་གའི་ཁོངས་ཀྱི་ར་ཉག་དགོན་པར་ཆོས་ཞུགས་གནང་རྗེས་རིམ་པས་བོད་དབུས་ཁུལ་འབྲས་སྤུངས་དགོན་དུ་ཆོས་ཞུགས་གནང་ཡོད་པ་རེད་ ཕྱི་ལོ་༡༩༩༦ལོར་རྒྱ་གར་ལ་ཕེབས་ནས་འབྲས་སྤུངས་དགོན་པར་སློབ་གཉེར་གནང་སྟེ་ཕྱིར་ལོག་གནང་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༣པའི་ནང་བྱུང་བའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་ངོ་རྒོལ་གནང་བའི་ལས་འགུལ་ནང་མཉམ་ཞུགས་གནང་བའི་ཉེས་མིང་སོགས་ལས་བཙོན་འཇུག་བྱས་པ་ཞིག་ཡིན་པ་རེད་ ཁོང་བཙོན་ཁང་ནང་ཞུགས་རྒྱུན་རིང་མུ་མཐུད་ལངས་ཕྱོགས་བརྟན་པོར་བཟུང་སྟེ་འདྲི་གཅོད་བྱེད་མཁན་ཚོར་འཛམ་གླིང་ལ་ཕན་ཐོགས་ཐུབ་པའི་ནང་ཆོས་ཉམས་ལེན་བྱ་རྒྱུ་ཡོད་ནའང་དེར་ཉམས་ལེན་བྱེད་མཁན་ཚོར་ཉམས་ལེན་ཚུལ་བཞིན་བྱེད་བཅུག་གི་མེད་པ་སོགས་གནས་ཚུལ་མང་པོ་ཞིག་འཛེམས་ཟོན་མེད་སྐཽར་ཐད་ཀར་རྩོད་གླེང་གནང་བར་བརྟེན་ཁོང་ལ་ཉེས་རྡུང་ཚབས་ཆེ་བཏང་སྟེ་ལུས་པོ་ནད་གཅོང་དུ་གྱུར་ནས་དེང་སྐབས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ཡོད་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎