བོད་དུ་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་ཞིག་ལ་ཁྲིམས་བཅད།

ཀན་ལྷོ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་སྐལ་བཟང་རྒྱ་མཚོ་ལ་ལོ་བཅུ་བཙོན་འཇུག་གི་ཁྲིམས་བཅད།

2010.02.12

༄༅༎ཉེ་ལམ་ཀན་ལྷོ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་སྐལ་བཟང་རྒྱ་མཚོ་ལགས་ལ་ལོ་བཅུ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༤ཉིན་ཨ་མདོ་བླ་བྲང་དགོན་པ་དང་གསང་ཆུ་རྫོང་ཐོག་བོད་མི་སེར་སྐྱ་མི་སེར་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་བྱེད་སྐབས་རྒྱ་ནག་གཞུང་གིས་བླ་བྲང་དགོན་པའི་དགེ་འདུན་སྐལ་བཟང་རྒྱ་མཚོ་ལགས་ཞི་རྒོལ་བའི་སྣེ་ཁྲིད་ཡིིན་ལུགས་བརྗོད་ནས་ཐེངས་མང་འཛིན་བཟུང་བྱེད་རྩིས་བྱས་པར་བརྟེན་ཁོང་ལོ་ངོ་གཅིག་ཙམ་རིང་རི་ཀླུང་གང་སར་ཡིབ་དགོས་བྱུང་ཡོད་ཅིང་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པའི་ནང་ཁོང་གསང་ཆུ་རྫོང་ནས་གཙོད་གྲོང་ཁྱེར་དུ་ཕེབས་པའི་ལམ་བར་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་ཡིན་ནའི་ཉིན་ཤས་སྔོན་བོད་ནས་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན་དགེ་འདུན་སྐལ་བཟང་རྒྱ་མཚོ་ལགས་ལ་ཀན་ལྷོ་འབྲིང་རིམ་ཁྲིམས་ཁང་ནས་བཙོན་འཇུག་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་འདུག དགེ་འདུན་སྐལ་བཟང་རྒྱ་མཚོ་ལགས་བླ་བྲང་དགོན་དུ་བཞུགས་སྐབས་ཚོགས་ཆོས་འགྲིམ་མཁན་གྱི་དགེ་འདུན་ཀྱུས་མ་ཞིག་ཡིན་ཞིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་བླ་བྲང་དགོན་གྱི་ཞི་རྒོལ་ནང་བཞུགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་བཅུའི་ཁྲིམས་ཐག་ཉེས་ཆད་བཏང་ཡོད་ཅིང་སྐུ་ཞབས་སྐལ་བཟང་རྒྱ་མཚོ་ལགས་གསང་ཆུ་རྫོང་རྩ་ཡུལ་སྡེ་པ་ནས་ཡིན་པ་དང་དགུང་གྲངས་སུམ་ཅུ་ཙམ་ལ་ཕེབས་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎