ཆབ་སྲིད་བཙོན་མ་ཕུན་ཚོགས་ལགས་སྨན་ཁང་ན་མྱུར་སྐྱོབ་བྱེད་བཞིན་པ།


2015.08.19
བོང་སྟག་ཐེམ་ཆེན་རྫོང་ཅུང་ཆུ་ བོང་སྟག་ཐེམ་ཆེན་རྫོང་ཅུང་ཆུ་ཕྱོགས་ཀྱི་ཉེ་པར།
བོད་འབྱོར།

ད་ལྟ་རྒྱ་ནག་གི་བཙོན་དུ་ཁྲིམས་ཆད་ཁུར་བཞིན་པའི་ཆབ་སྲིད་བཙོན་མ་ཞིག་ནད་གཞིའི་རྐྱེན་ཟི་ལིང་གི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་བཞིན་པ་རེད།
དེ་ཡང་སྤྱི་ཚེས་༡༩ཉིན་འདི་ག་རླུང་འཕྲིན་ཁང་ལ་བོད་ཀྱི་གནས་ཚུལ་ཡོང་ཁུངས་ཤིག་ནས་བརྗོད་ན། སྤྱི་ལོ་༢༠༡༢ལོར་བོང་སྟག་ཐེམ་ཆེན་རྫོང་དུ་དགེ་འདུན་པ་བྱམས་པ་དང་། ཕུན་ཚོགས། ཤེས་རབ་སོགས་དགེ་འདུན་པ་ཁ་ཤས་ལ་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ། རྗེས་སུ་སོ་སོར་ལོ་བཞི་དང་། ལྔ། དྲུག་སོགས་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་ནས། མཚོ་སྔོན་ཟི་ལིང་ཉེ་འགྲམ་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱེད་མུས་ཡིན་པ་དང་། དེ་དག་ཁྲོད་ཀྱི་ཆབ་སྲིད་བཙོན་པ་ལོ་ན་ཆེ་ཤོས་དགེ་འདུན་པ་ཕུན་ཚོགས་ལགས་སུ། ཉེ་ཆར་ཕོ་བའི་ནད་གཞི་ལྕི་མོ་ཞིག་བྱུང་ནས་ད་ལྟ་ཟི་ལིང་གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོའི་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་ནའང། ཉིན་མཚན་མེད་པར་དམག་མིས་བསྲུང་ནས་ཁྱིམ་མིས་ཐུག་འཕྲད་བྱེད་རྒྱུར་དཀའ་ཁག་ཆེན་པོ་འཕྲད་བཞིན་ཡོད་པ་དང་།
གཞན་དགེ་འདུན་པ་བྱམས་པ་དང་། ཤེས་རབ་སོགས་ཟི་ལིང་བཙོན་ཁང་དུ་བཅུག་ཡོད་ཅེས་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་དཀའ་བར་ལུས་ཡོད་པ་རེད།
གོང་གི་དགེ་འདུན་པ་ཕུན་ཚོགས་ལགས་ནི་དགུང་ལོ་༥༠་ཙམ་དང་། ཁོང་འཛིན་བཟུང་མ་བྱས་སྔོན་ལ་བོང་སྟག་ཐེམ་ཆེན་རྫོང་ཅུང་ཆུ་གྲོང་བརྡལ་གསང་སྔགས་བསྟན་རྒྱས་ནོར་བུའི་གླིང་གི་སྔགས་པ་ཞིག་ཡིན་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎