བོད་དཀར་མཛེས་ཁུལ་བོད་མི་ཞིག་གིས་རང་ལུས་མེར་བསྲེག

བོད་ཀྱི་ཁམས་དཀར་མཛེས་ས་ཁུལ་གྱི་བོད་མི་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

2011.08.15

༄༅།།བོད་ཀྱི་ཁམས་དཀར་མཛེས་ས་ཁུལ་གྱི་བོད་མི་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་རྒྱ་གཞུང་གིས་གཉེར་བའི་གསར་འགྱུར་ལས་ཁང་ཁག་གིས་བཏོན་པའི་གསར་འགྱུར་ལུང་འདྲེན་གནང་བ་ལྟར་བོད་ཀྱི་ཁམས་དཀར་མཛེས་ས་ཁུལ་ནང་བོད་མི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པའི་གནས་ཚུལ་བཏོན་ཡོད་པ་རེད་ རྒྱ་གཞུང་གིས་གཉེར་བའི་ཤིང་ཧ་གསར་འགྱུར་ལས་ཁང་གི་དཀར་མཛེས་ས་ཁུལ་གྱི་དཔོན་རིགས་རྣམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་བཞིན་ཁུལ་དེའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་གནས་བཏོན་ཡོད་ཀྱང་ཞིབ་ཆའི་གནས་ཚུལ་གང་ཡང་བཏོན་མེད་པ་རེད་ དེ་བཞིན་བོད་རིགས་དགེ་འདུན་པ་དེའི་མཚན་དང་དོ་བདག་གི་ལོ་རྒྱུས་སོགས་དང་གནད་དོན་གང་གི་ཐོག་རང་ལུས་མེར་བསྲེག་བའི་སྐོར་ད་ལྟའི་ཆར་གསལ་པོ་གང་ཡང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎