བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུའི་ཐུགས་རེ།

བཀའ་ཁྲི་མཆོག་གིས་ད་ལྟའི་བོད་རྒྱའི་དཀའ་རྙོག་ལ་ལྟོས་མེད་ཀྱིས་བོད་རྒྱའི་ཞི་མོལ་གྱི་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུའི་ཐུགས་རེ་ཡོད་ལུགས།

2009.04.25

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་ད་ལྟའི་བོད་རྒྱའི་དཀའ་རྙོག་ལ་ལྟོས་མེད་ཀྱིས་བོད་རྒྱའི་ཞི་མོལ་གྱི་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུའི་ཐུགས་རེ་ཡོད་ལུགས་བཀའ་བསྩལ་གནང་འདུག

ཁ་ས་རེས་གཟའ་པ་སངས་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བདུན་རེའི་བརྙན་འཕྲིན་ལས་རིམ་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མི་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔ་ལོ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གི་བཙན་གནོན་མ་བཟོད་པ་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་སུ་དམ་བསྒྲགས་དང་དྲག་གནོན་རིགས་ཤུགས་ཆེ་རུ་བཏང་ཡོད་པ་དང་དེར་བོད་མི་ཚོས་ད་དུང་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ངོ་རྒོལ་རིགས་བྱས་དང་བྱེད་མུས་ཡིན་ཡང་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གཉིས་ཀས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཆེད་ཕྱི་ལོ་ཉིས་སྟོང་གཉིས་ལོར་བསྐྱར་གསོ་གནང་བའི་བོད་རྒྱའི་འབྲེལ་མོལ་མཇུག་སྐྱོང་གནང་རྒྱུའི་ཐུགས་རེ་གནང་ཡོད་ལུགས་གསུངས་གནང་འདུག སྔ་ལོ་སྐུ་ཚབ་ཐེངས་བརྒྱད་པ་རྒྱ་ནག་ཏུ་ཕེབས་པའི་སྐབས་མ་འོངས་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་རྒྱ་ནག་གཞུང་ལ་ཕུལ་བའི་ཐད་རྒྱ་ནག་གཞུང་གིས་ངོས་ལེན་ཐུབ་མིན་སོགས་ཀྱི་འགྲེལ་བརྗོད་སྣ་ཚོགས་ཤིག་རྒྱབ་བཞིན་པར་བརྟེན་དཀའ་རྙོག་དེ་རིགས་སེལ་ཐབས་ཆེད་ད་ཆ་བཙན་བྱོལ་བོད་གཞུང་གིས་ཡིག་ཆ་གཉིས་པ་ཞིག་གྲ་སྒྲིག་གནང་མུས་ཡིན་ལུགས་གསུངས་གནང་འདུག ཕྱོགས་གཉིས་ཀས་འབྲེལ་ལམ་གྱི་སྒོ་མོ་ཕྱེ་ཕྱེ་པ་ཡོད་ལུགས་གསུངས་བཞིན་པར་བརྟེན་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམས་གང་མགྱོགས་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པ་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་སྲིད་བློན་ལྦན་ཅ་པོ་ཡིས་བར་ལམ་འབྲེལ་ལམ་གྱི་སྒོ་མོ་ཕྱེ་ནས་བཞག་ཡོད་སྐོར་གསུངས་ཡོད་པ་དང་བཙན་བྱོལ་བོད་གཞུང་གིས་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུར་དུས་རྟག་ཏུ་གྲ་སྒྲིག་ཡོད་པས་སྐུ་ཚབ་རྣམས་གང་མགྱོགས་ཕེབས་ཐུབ་སྲིད་པ་རེད་ཅེས་བཀའ་ལན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎