བལ་ཡུལ་གྱི་བོད་མི་དང་བྲོས་བྱོལ་སྐྱབས་བཅོལ་བའི་དཀའ་ངལ་ཇེ་ཆེ།


2015.09.04
བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཛིན་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤ བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཛིན་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤
ཀླུ་འབུམ

རྒྱ་ནག་གི་གནོན་ཤུཊ་རྐྱེན་བལ་ཡུལ་ནང་གི་བོད་མི་དང་བོད་ནས་འབྱོར་བཞིན་པའི་སྐྱབས་བཅོལ་བོད་མིའི་དཀའ་ངལ་ཇེ་ཆེ་ཡིན་པ།
དེ་ཡང་GULF NEWSཞེས་པས་བལ་ཡུལ་ནང་ཡོད་པའི་བོད་པ་སྐྱབས་བཅོལ་བའི་གནང་སྟངས་སྐོར་གྱི་གནས་ཚུལ་ཞིག་སྤེལ་བ་དེའི་ནང་འཁོད་ཡས་ལ། རྒྱ་ནག་གཞུང་གིས་བལ་ཡུལ་ལ་གནོན་ཤུགས་ཆེ་རུ་བཏང་པར་བརྟེན། བལ་ཡུལ་ནང་ཡོད་པའི་སྐྱབས་བཅོལ་བོད་པ་ཚོའི་རང་དབང་ལ་སྔར་ལས་ཚོད་འཛིན་ཆེ་རུ་བཏང་བ་དང་། གསར་དུ་སྐྱབས་བཅོལ་ཡོང་མཁན་བོད་པ་ཚོར་ཡང་དཀའ་སྡུག་ཇེ་ཆེར་འགྲོ་བཞིན་ཡོད་འདུག
མཚོ་མོ་ནི་ན་ནིང་ལོར་འཇིགས་སྣང་དང་དངངས་སྐྲག་ངང་རི་ལུང་མང་པོ་བརྒལ་ཏེ་བོད་ནས་བལ་ཡུལ་འབྱོར་བ་ཞིག་ཡིན་པ་དང་། ད་ལོ་ལོ་ན་༢༣ ཟིན་པའི་སློབ་ཕྲུག་དེས་དྲན་གསོ་གནང་ནས་གསུང་ཡས་ལ། ཁོ་མོ་བྲོས་བྱོལ་དུ་ཡོང་བའི་ལམ་བར་དུ་མི་ནག་ཚོང་རྒྱག་མཁན་གྱིས་ཁོ་མོའི་རྐང་ལག་བསྡམས་ནས་གཟུགས་པོ་ཡོངས་སྦིར་པ་དང་། མཚན་མོ་དེར་གཙང་ཆུ་རྒྱུག་པའི་སྒྲ་གོ་བ་བཅས་ད་དུང་ཡང་བརྗེད་ཐབས་མེད་ཚུལ་དང་། དེ་ནི་ང་ལ་རྨི་ལམ་སྡུག་ཅག་འཁོར་པ་བཞིན། ང་ཞེད་ནས་གོས་ཐུང་ནང་གཅིན་པ་ཡང་ཤོར་བའི་སྐོར་གསུང་འདུག
ད་ལྟ་མཚོ་མོ་རྒྱ་གར་ནང་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ཁོང་མོ་ནི་བྲོས་བྱོལ་དུ་ཡོང་མཁན་ནང་ནས་ལམ་འགྲོ་བྱུང་བའི་གྲས་ཤིག་ཡིན་པ་རེད།
བལ་ཡུལ་གྱི་གཞུང་དེ་རྒྱ་ནག་གཞུང་གིས་བེད་སྤྱོད་བྱེད་ཀྱི་ཡོད་ལུགས་བལ་ཡུལ་གྱི་སྲིད་དོན་དཔྱད་བརྗོད་པ་Yubaraj Ghimereལགས་ཀྱིས་གསུང་འདུག ལོ་མང་སྔོན་ནས་བལ་ཡུལ་དུ་འབྱོར་བའི་བོད་པ་དང་བལ་ཡུལ་ནང་སྐྱེས་པའི་བོད་པ་སྐྱབས་བཅོལ་བ་ཚོར་ལས་ཀ་དང་། ཁ ལོ་བའི་ལག་འཁྱེར། ཐ་ན་བལ་ཡུལ་ནས་ཕྱི་ཕྱོགས་སུ་འགྲོ་ཆོག་པའི་ལས་འཁྱེར་སོགས་ཕྱོགས་གང་ས་ནས་ཚོད་འཛིན་བྱས་ཏེ་དཀའ་ངལ་བཟོ་གིན་ཡོད་པའི་སྐོར་སོགས་བཀོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ཁང་ནས་གསུང་ན། ༡༩༩༡ལོ་ནས་༢༠༠༨ལོ་བར་ཆ་སྙོམ་བྱས་ན་བོད་ནས་བལ་ཡུལ་དུ་ལོ་རེ་བོད་པ་༢༢༠༠ཙམ་བྲོས་བྱོལ་དུ་སླེབས་ཀྱི་ཡོད་པ་དང་། ༢༠༡༣ལོར་བོད་མི་༡༧༡ཁོ་ན་མ་གཏོགས་འབྱོར་མེད་པར་ན་ནིང་དེ་ལས་ཀྱང་ཉུང་དུ་ཕྱིན་ཡོད་སྐོར་གསུང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎