གོ་ལོག་འཇིགས་མེད་ལ་རྒྱ་མིའི་ཉེན་རྟོག་པས་ཉེས་རྡུང་བཏང་བ།

བོད་མི་དངོས་བྱུང་གློག་བརྙན་ཕྱོགས་སྒྲིགས་གནང་མཁན་ལ་བཙོན་ཁང་ནང་རྒྱ་མིའི་ཉེན་རྟོག་པས་ཉེས་བརྡུང་ཤིན་ཏུ་དྲག་པོ་བཏང་ཡོད་འདུག

2008.10.19

༄༅༎རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་གི་བོད་མི་ཚོའི་རང་དབང་དང་འཚོ་བའི་གཞི་རྟེན་སོགས་གནས་སྟངས་ཇི་འདྲ་ཡོད་མེད་ཐད་བོད་ནང་གི་བོད་མི་ཚོའི་བསམ་ཚུལ་ཕྱོགས་བསྡོམས་ཞུས་ཏེ་འཇིགས་བྲལ་ཞེས་མིང་བཏགས་པའི་དངོས་བྱུང་གློག་བརྙན་ཕྱོགས་སྒྲིགས་གནང་མཁན་གོ་ལོག་འཇིགས་མེད་དང་འཇིགས་མེད་རྒྱ་མཚོ་ལགས་ཞུ་བ་དེ་ཉིད་ཟླ་བ་འདིའི་ཚེས་བཅོ་ལྔའི་ཉིན་ཀན་སུ་ཞིང་ཆེན་ཁུལ་གྱི་བཙོན་ཁང་ནས་འཕྲལ་སེལ་རིང་གློད་བཀྲོལ་བཏང་ཡོད་པ་རེད་

ཁོང་བཙོན་ཁང་ནང་བཙོན་འཇུག་བྱས་པའི་དུས་ཡུན་རིང་རྒྱ་མིའི་ཉེན་རྟོག་པས་ཁོང་གི་ལུས་སེམས་ཐོག་ལ་ཉེས་བརྡུང་ཤིན་ཏུ་དྲག་པོ་བཏང་བྱུང་ཞེས་རང་གི་ལུས་ཐོག་ཏུ་དངོས་སུ་མྱོང་བའི་གནས་ཚུལ་རྣམས་བཙོན་ཁང་ནས་ཕྱིར་ཐོན་རྗེས་ཁ་གསལ་གནང་ཡོད་པ་རེད་

འཇིགས་མེད་རྒྱ་མཚོ་ལགས་བཙོན་འཇུག་དོ་དམ་འོག་ནས་གློད་བཀྲོལ་བཏང་ཡོད་རུང་ཁོང་གིས་འགྲུལ་བསྐྱོད་ཚུན་ཆད་ཐད་རྒྱ་ནག་གི་དམག་མིས་གསང་མྱུལ་འོག་བལྟ་ཞིབ་མུ་མཐུད་བྱེད་ཀྱི་ཡོད་པ་དང་ཁོང་བཙོན་ཁང་ནང་ནས་འཕྲལ་སེལ་རིང་གློད་བཀྲོལ་བཏང་བ་ཡིན་སྟབས་ཁོང་གི་ཐོག་ལ་བཙུག་པའི་ནག་ཉེས་ཚང་མ་ཕྱིར་བསྡུ་བྱས་ཡོད་མེད་ད་ལྟའི་ཆར་གསལ་པོ་མེད་པ་རེད་ལ་ཁོང་གི་ཕྱག་རོགས་དོན་གྲུབ་དབང་ཆེན་ལགས་ད་ཆ་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་ཐད་གནས་ཚུལ་གསལ་པོ་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎