སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་བཀྲོལ་ཆེད་ལས་འགུལ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་གློད་བཀྲོལ་ཡོང་ཐབས་སླད་འཛམ་གླིང་ཁྱོན་ཡོངས་སུ་ལས་འགུལ།

2010.01.27

༄༅༎བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་གློད་བཀྲོལ་ཡོང་ཐབས་སླད་འཛམ་གླིང་ཁྱོན་ཡོངས་སུ་ལས་འགུལ་སྤེལ་བཞིན་ཡོད་པ་རེད་

ཕྱི་ཚེས་༢༦ཉིན་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་ཁྱོན་ཡོངས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་རྒྱ་ནག་གྲན་ཏུ་གྲོང་ཁྱེར་དུ་འབར་རྫས་གས་གཏོར་བཏང་བའི་ཉེས་བཙུགས་ཀྱིས་ཕྱི་ལོ་ཉིས་སྟོང་གཉིས་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་པ་དང་ ལོ་གསུམ་གྱི་རྗེས་ཚེ་བཙོན་གྱི་ཁྲིམས་ཐག་ཏུ་གྱུར་བ་བཏང་ཡོད་ཅིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ནི་སྤྲུལ་སྐུའི་མཚན་མིང་ཡོད་པ་ཙམ་ཞིག་མ་ཟད་ཁོང་གིས་དུས་རྒྱུན་དུ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་  ས་གནས་བོད་མི་དབུལ་ཕོངས་ཚོར་འཚོ་བའི་རོགས་སྐྱོར་དང་ལྟ་རྟོག་གནང་མཁན་ཞིག་ཀྱང་ཡིན་པར་བརྟེན་ སྔ་ལོ་བོད་ནག་ཆུ་ཁ་སོགས་ནང་བོད་མི་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་ཡོང་རྒྱུ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་པ་སོགས་ཀྱིས་ད་རེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་ཉེས་ཆད་བཅད་ནས་ལོ་ངོ་བརྒྱད་འགྲོ་གི་ཡོད་པའི་དུས་དྲན་དང་སྟབས་བསྟུན་ནས་ བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རི་དང་ཁེ་ན་ཌ་  ཡོ་རོབ་ རྒྱ་གར་སོགས་ཡུལ་གྲུ་ཁག་ནང་གསར་འགྱུར་བརྒྱུད་ལམ་དང་གནས་འཕྲིན་དྲ་རྒྱ་སོགས་བརྒྱུད་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་ཆེད་ས་རྟགས་ལེན་པའི་ལས་འགུལ་ཞིག་འགོ་བཙུགས་གནང་ཡོད་པ་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་སྲོག་ཐོག་གི་ཁྲིམས་ཐག་ནས་ཚེ་བཙོན་དུ་འགྱུར་བ་གཏོང་དགོས་བྱུང་ཡོད་པ་དང་ དེར་བརྟེན་ང་ཚོས་སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་རྒྱབ་སྐྱོར་ལ་བརྟེན་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་ཡོང་ཐབས་གནང་རྒྱུ་ཡིན་པ་གསུངས་བཞག བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་ཡུལ་ཁག་དུ་དྲ་རྒྱ་སོགས་བརྒྱུད་ནས་ས་རྟགས་ལེན་ཏེ་ ས་རྟགས་འཁོད་པའི་འབོད་སྐུལ་ཞུ་ཡིག་དེ་བཞིན་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས་བྱེད་མཁན་གྱི་ལས་ཁང་ལ་གཏོང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎