གླུ་གཞས་ལམ་ནས་བོད་ངོ་སྤྲོད་ཅེས་པའི་གློག་བརྙན།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ནང་བཟོ་བཀོད་བྱས་པའི་གློག་བརྙན་ཞིག་བཏོན་འཆར་ཡོད་འདུག

2010.09.23

༄༅༎བདུན་ཕྲག་འདིའི་ནང་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་། དེའི་གོང་རྒྱལ་ཚོགས་ཀྱི་འཆར་གཞིའི་ཁོངས་གཏོགས་སྟོང་ལོ་གསར་པའི་ཡར་རྒྱས་ལས་གཞིའི་མ་འོངས་གྲུབ་བྱའི་ལས་དོན་གྲུབ་དང་འགྲུབ་འཆར་གྱི་གནད་དོན་ཐོག་འབྲེལ་ཡོད་རྒྱལ་ཁབ་ཚོའི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་སོགས་རྒྱལ་སྤྱིའི་དབུ་འཁྲིད་རྣམས་པ་འཛོམས་པའི་དུས་ཚིག་གལ་ཆེ་ཞིག་ཡིན་སྟབས་བོད་མི་ཚོས་ཀྱང་ལྷན་ཚོགས་སུ་ཕེབས་པའི་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་རེད།

འོན་ཀྱང་ལས་འགུལ་གྱི་རྣམ་པ་མི་འདྲ་བའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་གློག་བརྙན་ཞིག་སང་ཉིན་གྲོང་ཁྱེར་ནིའུ་ཡོག་གི་གློག་བརྙན་དང་སྒྱུ་རྩལ་འཁྲབ་སྟོན་ཁང་ཞིག་ནང་བཏོན་འཆར་ཡོད་པའི་སྐོར་ནིའུ་ཡོག་ཀྲམ་ཡེ་སེའི་གསར་ཤོག་ནང་བཀོད་འདུག

དེ་ཡང་གནས་ཚུལ་ནང་གསལ་ལྟར་ན། དེ་སྔ་བོད་ནང་ཕྱིན་ནས་རྒྱ་ནག་གཞུང་ནས་སོ་ཉུལ་ཡིན་པའི་དྭོགས་གཞིའི་འོག་འཛིན་བཟུང་གིས་ལོ་ངོ་དྲུག་རིང་བཙོན་ཁང་ནང་སྡོད་དགོས་བྱུང་ནས་མཐར་གློད་བཀྲོལ་ཐོབ་པའི་རྗེས་སུ་གློག་བརྙན་བཟོ་བཀོད་བྱེད་མཁན་ངག་དབང་ཆོས་འཕེལ་ལགས་ཀྱི་ ཀྲི་བེདྲ་ཨིན་སའོང་ངམ་ཐད་བསྒྱུར་ཞུས་ན་གླུ་གཞས་ཀྱི་ལམ་ནས་བོད་ངོ་སྤྲོད་ཅེས་པའི་གློག་བརྙན་དེ་བཞིན་སང་ཉིན་གཟའ་པ་སངས་ཉིན་བཏོན་རྒྱུ་ཡིན་འདུག

ཁོང་གིས། ངག་དབང་ཆོས་འཕེལ་ལགས་ནི་ཕྱི་ལོ་༡༩༦༦ལོར་སྐྱེས་པ་དང་། རྒྱ་གར་ནང་འཚར་ལོངས་ཀྱི་རྗེས་སུ་ཨ་རིའི་ནང་གཞུང་གི་རོགས་རམ་འོག་སློབ་སྦྱོང་བྱས་པའི་རྗེས་སུ་བོད་ནང་གནའ་རབ་ཀྱི་གླུ་གཞས་ཉམས་ཞིབ་སླད་བསྐྱོད་ཡོད་ཀྱང་གསང་ཉུལ་ཡིན་པའི་དྭོགས་པ་བྱས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎