ཀོས་ཊ་རི་ཀར་བོད་དོན་དྲིལ་བསྒྲགས།

རྒྱ་གཞུང་གིས་རྒྱུན་གྲོན་བཏང་བའི་ཀོས་ཊ་ར་ཀའི་ནང་གི་ཞི་བའི་ལས་འགུལ་ཞིག་གི་ཐོག་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་མཉམ་ཞུགས་གནང་ནས་བོད་དོན་ཐོག་དྲིལ་བསྒྲགས་རྒྱ་ཆེ་གནང་ཡོད་པ་རེད།

2012.12.20

༄༅།    །ཕྱི་ཚེས་ ༡༢ ཉིན་གྱི་ལས་འགུལ་དེར་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་།    གནམ་གཤིས་འགྱུར་ལྡོག་གི་དཀའ་རྙོག་འཐེར་འདོན་གནང་ནས་འཛམ་གླིང་ནང་ཞི་བདེར་དགའ་བའི་མི་རྣམས་ཀྱིས་རྒྱ་ནག་གི་ལམ་ལྷོང་གཏན་ནས་མ་བྱུང་བའི་བོད་ཀྱི་འབྲོག་པའི་ཐོག་འཛིན་པའི་སྲིད་བྱུས་དང་།    བོད་ཀྱི་རྒྱུགས་ཆུ་དང་ཆུའི་གཏེར་དངོས་ཁག་བེད་སྤྱོད་བྱེད་སྟངས་ཐོག་གདོང་ལེན་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད།   Costa Rica  འི་བོད་རང་དབང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཞེས་པའི་ཚོགས་གཙོ་ལྕམ་  Brigittee Von Bulow  ཡིས་རྒྱ་ནག་གཞུང་གིས་Costa Rica  འི་ཡུལ་མི་རྣམས་མགོ་སྐོར་ཆེད་གཞུང་གི་རྒྱུ་དངོས་ཁག་བེད་སྤྱད་ནས་བོད་ནང་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ཁག་མ་མཐོང་བ་བཟོ་རྒྱུའི་སྲིད་བྱུས་ལག་བལྟར་བྱེད་བཞིན་ཡོད་པ་རེད་ཅེས་དང་།            རྒྱ་ནག་གཞུང་གིས་བོད་ནང་ནོར་འཁྲུལ་ཅན་དང་།    ལྐོག་བཟའ་རུལ་སྲུང་གི་སྲིད་བྱུས་ལག་བལྟར་བྱེད་པའི་དབང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་དང་།    ཁོར་ཡུག་གི་གནས་སྟངས་ཀྱང་སྡུག་ཏུ་ཕྱིན་ཡོད་སྐོར་གསུང་འདུག             ཁོང་གིས་གོང་ཞུས་ཀྱི་ཡ་ང་བའི་བོད་ཀྱི་གནས་སྟངས་དེ་ནས་སྲུང་སྐྱོབ་ཆེད་འཛམ་གླིང་མི་མང་རྣམས་ཀྱིས་མཉམ་རུབ་ཐོག་ལས་དོན་སྤེལ་དགོས་སྐོར་འབོད་བསྐུལ་གནང་ཡོད་པ་རེད།           གོང་ཞུས་བོད་རང་དབང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཞེས་པའི་ཚོགས་པ་དེས་རྒྱ་དམར་གཞུང་གིས་བོད་དེ་ལོ་ངོ་ ༦༠ ལྷག་རིང་བཙན་འཛུལ་བྱས་པའི་དབང་གིས་ད་བར་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ཇི་ལྟར་ལག་བསྟར་དང་འགྲོ་བ་མིའི་ཐོབ་ཐང་རྒྱུན་མཐུད་བརྡལ་བཤིག་བཏང་བའི་སྐོར་འཛམ་གླིང་ཐོག་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་གི་ཡོད་པ་རེད།    ཚོགས་པ་དེར་རྒྱལ་སྤྱིའི་ནང་ཚོགས་མི་གྲངས་ ༥༠༠༠༠ སྐོར་ཞིག་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎