ནུབ་ཕྱོགས་ལ་དམིགས་པའི་བོད་ཡིག་སློབ་དེབ་པར་བསྐྲུན་དབུ་འབྱེད།


2016.06.30
གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཁག་ཅིག་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་སྐབས། ༢༠༡༦།༦།༣༠ གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཁག་ཅིག་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་སྐབས། ༢༠༡༦།༦།༣༠
བསྟན་འཛིན་དོན་ཡོད། /RFA

དབུས་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་མཆོག་ནས་ཨ་མི་རི་ཀའི་ནང་གི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཁག་ཅིག་དབུ་འབྱེད་གནང་ཡོད་འདུག
དེ་ཡང་དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༣༠་ཉིན་བཞུགས་སྒར་རྡ་རམ་ས་ལར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོག་བློ་བཟང་སེང་གེ་མཆོག་གིས། ཤེས་ཡོན་སློབ་ཡོན་ལྷན་ཚོགས་ནས་གཏན་འབེབས་པར་བསྐྲུན་ཞུས་པའི་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་ཀྱི་བོད་མིའི་ཕྲུ་གུ་ཚོའི་གཟའ་མཇུག་སྔོན་འགྲོ་ནས་འཛིན་གྲྭ་གཉིས་པ་བར་གྱི་སློབ་དེབ་གསུམ་དབུ་འབྱེད་གནང་ཡོད་འདུག
སྐབས་དེར་ཤེས་རིག་དྲུང་ཆེ་དང་ཤེས་ཡོན་སློབ་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱི་གཙོས་པས་འབྲེལ་ཡོད་ཁག་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཚོགས་གནང་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་གཏོར་བཤིག་བྱས་ནས་མེད་པར་བཟོ་ཐུབ་པ་ཡིན་ན། རིམ་པས་བོད་རིགས་རྣམས་རྒྱ་རིགས་ཆགས་འགྲོ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་པ་རེད། བོད་རིགས་རྣམས་རྒྱ་རིགས་ལ་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་བརླག་འགྲོ་གི་རེད་ཅེས་དམིགས་ཡུལ་འདི་བཟུང་བའི་ཐོག་ནས་ལོ་དྲུག་ཅུ་མན་ཙམ་ནང་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་རེད། འོན་ཀྱང་བོད་ནང་གི་བོད་མི་ཚོས་རང་གི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐུབ་ཡོད་རེད། དེ་འདྲ་ཡིན་དུས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཀྱང་རང་ཉིད་ཀྱི་སྐད་དང་ཡིག་གེ་རྣམས་དེ་བས་སྦྱང་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་པ་དང་ཆབས་ཅིག་ཕྱི་རྒྱལ་ནང་བོད་ཡིག་སློབ་འཁྲིད་གནང་མཁན་དགེ་རྒན་ཚོར་ཡང་བསྔགས་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎