ནོར་པ་ཡོན་ཏན་ལགས་ཀྱི་སྐུ་ཕུར་བྲག་མགོ་དགོན་དུ་ཡོད་པ།

བྲག་མགོ་དགོན་པའི་ནང་སྨོན་ལམ་དང་དགེ་ཚོགས་གནང་གི་ཡོད་པའི་གནས་ཚུལ།

2012.01.29

༄༅༎འདི་ག་རླུང་འཕྲིན་ཁང་དུ་ཕ་ཡུལ་བྲག་མགོ་ནས་ཡིན་པའི་མི་སྣ་ཞིག་གིས་ཕྱི་ཚེས་༢༧ ཉིན་བྲག་མགོ་དང་གསེར་རྟའི་གནས་ཚུལ་ངོ་སྤྲོད་གནང་བའི་ནང༌། ཕྱི་ཚེས་༢༣ ཉིན་བྲག་མགོར་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་རྒྱ་མིའི་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་རྐྱེན་ལམ་དུ་བཏང་བའི་ནོར་པ་ཡོན་ཏན་ལགས་ཀྱིས་སྐུ་ཕུང་བྲག་མགོ་དགོན་པས་བདག་ཉར་བྱས་ཏེ་སྨོན་ལམ་དང་དགེ་ཚོགས་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་པར། ནོར་པ་ཡོན་ཏན་ལགས་ཀྱི་གཙོས་པའི་བོད་བསྟན་སྲིད་ཀྱི་ཆེད་དུ་འདས་གྲོངས་སུ་གྱུར་བ་ཚོའི་ཆེད་དུ་དེའི་ཁུལ་གྱི་རིས་མེད་ཀྱི་དགོན་སྡེ་ཁག་ཚོས་མ་སྐུལ་དང་བླངས་ཀྱིས་མ་ནི་གསོག་གྲུབ་དང༌། སྨོན་ལམ་ཚོགས་པ་མ་ཟད། ཁམས་རྟའུ་དང་དཀར་མཛེས། གསེར་རྟ་སོགས་ནས་བོད་མི་ཆེད་དུ་བྲག་མགོར་གདུང་སེམས་ཉམས་བསྐྱེད་ཞུ་བ་དང༌། སྐུ་ཕུང་ལ་མཇལ་དར་ཕུལ་བ་ཡོང་མཁན་ཡོད་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ་རང་དབང་གིས་འགྲིམས་འགྲུལ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་དང༌། དེ་བཞིན་དུ་གསེར་རྟའི་ཁུལ་དུ་རྒྱ་མིའི་དམག་མིས་ཡོངས་སུ་མཐའ་སྐོར་ཏེ་ཕྱི་ནང་འགྲོ་འོང་བཀག་སྡོམ་བྱས་པའི་གནས་སྟངས་ཡ་ང་བའི་ཐོག་ཟླ་བ་གྲགས་པ་ལགས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པ་མ་ཟད། བླ་རུང་སྒར་ལའང་མ་སྤྲད་པར་ཕྱི་ཚེས་༢༧ ཉིན་དཀར་མཛེས་རྫོང་གི་དར་རྩེ་མདོར་འཁྱེར་ཏེ་རྒྱ་ནག་གཞུང་གིས་བཀའ་བཀོད་བཞིན་མེ་བསྲེག་བཏང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎