རྒྱལ་ཚོགས་སུ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་སོགས་གླེང་སློང་གནང་འདུག

2023.03.24
རྒྱལ་ཚོགས་སུ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་སོགས་གླེང་སློང་གནང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཡུལ་དངོས།
OHCHR

དེ་ཡང་རྒྱ་གར་གྱི་(Republicworld)་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སུད་སུའི་གྲོང་ཁྱེར་(Geneva)་ནང་སྐོང་ཚོགས་བྱེད་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༢དེ་བཞིན་སྤྱི་ཟླ་བཞི་བའི་ཚེས་༤བར་ཚོགས་བཞིན་པ་ལྟར། ཚེས་༢༢ཉིན་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་(Rita French)་ལགས་དང་། སུད་ཝེ་ཌན་སོགས་ཀྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་དང་ཤིན་ཅང་སོགས་ཀྱི་ནང་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་གསལ་པོ་གླེང་སློང་གནང་ནས་རྒྱ་ནག་གཞུང་གིས་དྲག་མནོན་གྱི་སྲིད་ཇུས་དེ་དག་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་སོང་ཞེས་བཀོད་འདུག

Rita French.JPG
དེ་བཞིན་ཡོ་རོབ་ཐེབས་རྩ་ཁང་གི་ལྷོ་ཨེ་ཤེ་ཡའི་སྡེ་ཚན་(EFSAS)་གྱི་གནས་ཚུལ་ཉམས་ཞིབ་པ་(Aaron Magunna)་ལགས་ཀྱིས། ཚོགས་ཐོག་ཕན་ཚུན་བགྲོ་གླེང་བྱེད་བཞིན་པའི་སྐབས། བོད་ནང་གི་བོད་ཕྲུག་མང་པོ་སོ་སོའི་ཕ་མ་དང་ཁ་བྲལ་བཅུག་ནས་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭའི་ནང་འཇུག་བཞིན་པའི་གནད་དོན་དང་། ཡུ་གུར་མི་མང་ཀྱི་དཀའ་ངལ་བཅས་ཀྱི་གནད་དོན་ཐད་གླེང་སློང་ཤུགས་ཆེན་གནང་ཡོད་འདུག དེའང་ཁོང་གིས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ལ་ཆེད་དུ་ཉམས་ཞིབ་བྱེད་མཁན་གྱི་སྐུ་ཚབ་འཐུས་མི་ནས་བཏོན་པའི་སྙན་ཐོ་བརྒྱུད་ནས། ད་ལྟ་འཛམ་གླིང་ནང་གྲངས་ཉུང་མི་རིགས་མང་པོར་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་བྱུང་བཞིན་པའི་གནས་སྟངས་མུ་མཐུད་གསལ་ཡོད་པ་དང་། སྙན་ཐོའི་ནང་གསལ་སྟོན་བྱས་ཡོད་པའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་དེ་ནི་གཞུང་གི་སྲིད་བྱུས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་གལ་གནད་ཆེན་པོར་མ་བརྩིས་པའི་གནད་དོན་ལ་ཐུག་ཡོད་པ་རེད་ཅེས་བརྗོད་པ་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བ་ཚོས། རྒྱ་ནག་གཞུང་གིས་བཙན་གྱིས་བོད་ཕྲུག་ཚོ་གཏན་འཇགས་སློབ་གྲྭར་བཅུག་ནས་ཁོང་ཚོའི་མི་རིགས་ཀྱི་ངོ་བོ་བསྒྱུར་ནས་རྒྱ་ཧན་མི་རིགས་དང་མཉམ་བསྲེས་བྱེད་བཞིན་པའི་གནད་དོན་ཡོད་པའི་གནས་ཚུལ་ཐེར་འདོན་བྱས་ཡོད་པ་ལུང་འདྲེན་དང་བཅས་གསུངས་འདུག
ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་མི་ཚོ་དང་། ཡུ་གུར་མི་རིགས་ལ་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་གསལ་བའི་ནང་། སྙན་ཐོའི་ནང་བཀོད་དོན་དུ་གཞིགས་ན། བོད་རིགས་སློབ་ཕྲུག་ཚོ་ཁོང་ཚོའི་ཕ་མ་དང་ཁ་བྲལ་བཅུག་ནས་གཏན་འཇགས་སློབ་གྲྭར་ཁྲིད་འགྲོ་སའི་སློབ་གྲྭ་དེ་དག་ནང་རྒྱ་ཧན་མི་རིགས་སུ་བསྒྱུར་ཐབས་བསྲེས་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པ་བརྗོད་འདུག
དེ་བཞིན་ཡང་(Magunna)་གྱིས་མུ་མཐུད་དུ་ཤིན་ཅང་ས་ཁུལ་ནང་གནས་སྡོད་གནང་མཁན་ཡུ་གུར་བ་ཚོར་བཙན་དབང་གིས་ངལ་རྩོལ་བཀོལ་བ་སོགས་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་གནད་དོན་འདྲ་མིན་དང་། ལྷག་པར་ཁོང་ཚོའི་རིག་གཞུང་རྩ་མེད་གཏོང་བཞིན་པའི་གནད་དོན་སོགས་བརྗོད་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་ལ་དེ་ཙམ་ནུས་པ་ཐོན་ཐུབ་ཀྱི་མེད་པ་དང་། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཁག་ལ་ངེས་པར་དུ་འགན་འཁྲི་དགོས་པའི་ནུས་པ་ཐོན་ཐབས་ལ་ལས་དོན་ཤུགས་གནོན་རྒྱག་དགོས་ཞེས་འབོད་སྐུལ་ཞུས་ཡོད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎