བོད་ནང་གནམ་ཐང་ལྔ་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོར་གསར་རྒྱག།

བོད་ནང་གནམ་ཐང་ལྔ་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོར་རྒྱག་ཚར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

2009.07.26

༄༅༎བོད་ནང་གནམ་ཐང་ལྔ་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོར་རྒྱག་ཚར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

གཞིས་ཀ་རྩེའི་ས་གནས་དབུ་འཛིན་སྐལ་བཟང་ཚེ་རིང་ལགས་ཀྱིས་གསུངས་དོན་ལྟར་ན་གཞིས་ཀ་རྩེ་གྲོང་ཁྱེར་ནས་ཀི་ལོ་མི་ཊར་བཞི་ཅུ་ཞེ་བརྒྱད་སར་གསར་དུ་འཛུགས་བསྐྲུན་བྱེད་བཞིན་པའི་གནམ་ཐང་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བཅུ་པའི་ནང་མཇུག་སྒྲིལ་བྱེད་ཀྱི་ཡོད་པ་དང་རྒྱ་སྐོར་ཡུའན་ས་ཡ་བཞི་རྒྱ་བརྒྱད་བཅུ་འམ་ཨ་རིའི་ཌོ་ལར་ས་ཡ་བདུན་བཅུ་ལྷག་གནས་རྒྱུའི་གནམ་ཐང་དེས་ལོ་རེར་འགྲུལ་བ་འབུམ་གཉིས་དང་ཁྲི་གསུམ་ཙམ་ལ་མཐུན་འགྱུར་དང་དངོས་ཟོག་ཊོན་ཆིག་སྟོང་བརྒྱ་དང་ལྔ་བཅུ་འོར་འདྲེན་གྱི་ནུས་པ་ཡོད་པ་མ་ཟད་ཕྱི་ལོ་ཉིས་སྟོང་ཉི་ཤུ་ཙམ་ལ་ལོ་རེ་འཕུར་ཐེངས་ཉིས་སྟོང་ལྔ་བརྒྱ་བརྒྱད་བཅུ་ཙམ་ལ་སླེབས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་གནང་འདུག ཡང་གནམ་ཐང་གཞན་པ་ཞིག་མངའ་རིས་ཁུལ་དུ་གསར་རྒྱག་བྱེད་ཀྱི་ཡོད་ལུགས་གསུང་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་མི་འདུག

ད་ལྟའི་སྐབས་སུ་གནམ་ཐང་གསུམ་ཡོད་པ་དེ་དག་ནི་ལྷ་སའི་གོང་དཀར་གནམ་ཐང་དང་ཀོང་པོ།ཉིང་ཁྲིའི་སྨན་ལིང་གནམ་ཐང་།ཆབ་མདོའི་སྤང་རྡ་བཅས་གསུམ་ཡིན་པ་རེད༎
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎