བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གསར་པར་འཚམས་འདྲི་གནང་འདུག

2024.12.30
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གསར་པར་འཚམས་འདྲི་གནང་འདུག ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་དང་སྐུ་ཞབས་ཧི་རོ་ཤི་ཡ་མ་ད་ལགས། ཟླ་ཚེས་མི་གསལ།
CTA

ཟླ་འདིའི་ཚེས་ ༣༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་ཚིགས་བརྒྱུད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་(Eriko Yamatani)ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། སྐུ་ཞབས་ཧི་རོ་ཤི་ཡ་མ་ད་ལགས་(Hiroshi Yamada) སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་བྱུང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས། ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་ནས་དུས་ཡུན་རིང་པོ་ནས་བོད་དོན་ཞུ་གཏུག་ཐད་ཕྱག་ལས་གནང་ཡོད་ཅིང་། ཕྱག་ལས་གནང་ཕྱོགས་དེ་ཡང་སེམས་འགུལ་ཐེབས་འོས་པ་ཞིག་ཡིན་ཞེས་དང་། ལྕམ་སྐུ་ཁོང་ལ་སྲིད་དབང་རིང་ལུགས་ཀྱི་མཉའ་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་བདེན་པ་བརྗོད་ཐུབ་པའི་སྙིང་སྟོབས་དང་ནུས་པ་ལྡན་ཡོད་པ་ནི། འཛམ་གླིང་གི་དབུ་ཁྲིད་རྣམས་ལ་དམིགས་དཔེ་བཟང་པོ་ཞིག་ཡིན་ཞེས་གསུངས་འདུག

གཞན་ཡང་སྲིད་སྐྱོང་མཆོག་གིས། བདམས་ཐོན་དྲུང་ཆེ་སྐུ་ཞབས་ཧི་རོ་ཤི་ཡ་མ་ད་ལགས་སུའང་འཚམས་འདྲི་ཞུས་པ་དང་སྦྲགས། སྐུ་ཞབས་ཁོང་ནས་བོད་དོན་ཞུ་གཏུག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞེས་ཞུས་པ་དང་། ཉེ་ལམ་ཉེ་ཧོང་གི་འོས་འདུ་ཆེན་མོའི་སྐབས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གཉིས་གཙོས་ཚོགས་མི་བརྒྱ་ཆ་ ༧༠ ཙམ་ལ་བདམས་ཐོན་བྱུང་མེད་པ་སོགས་ཉག་ཕྲ་བའི་གནས་སྟངས་སྐབས། ཁོང་དྲུང་ཆེར་བསྐོ་གཞག་བྱུང་བ་ནི་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་པ་དང་སྦྲགས། ཡོང་རྒྱུ་བསྡད་པའི་ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ནང་། འཛམ་གླིང་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་དེ་ཉི་འོང་དུ་ཚོགས་སྐབས། གྲོས་ཚོགས་འཐུས་མི་རྣམས་ནས་ནུས་པ་མཉམ་སྤུངས་ཀྱིས། རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གཏོང་སླད་དང་རྒྱབ་སྐྱོར་མུ་མཐུད་ཐོབ་རྒྱུར། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་གསར་པ་རྣམས་ལ་འགན་ཆེན་པོ་ཡོད་ཅེས་གསུངས་འདུག

རྩ་བའི་ཉེ་ཧོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ ༢༠༡༦ ལོར་གསར་འཛུགས་གནང་ནས་ད་ཆ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད་ཅིང་། ཚོགས་གཙོ་ཟུར་པ་ཤི་མོ་མུ་ར་ནི་ལགས་ནས་ལོ་ངོ་དགུ་ཙམ་རིང་ཚོགས་པ་དེའི་འགོ་ཁྲིད་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎