ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ཞིག་གིས་བོད་དོན་གླེང་འདུག


2019.07.26
ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་ནང་། ༢༠༡༩།༧།༡༡ ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་ནང་། ༢༠༡༩།༧།༡༡
IFP Caucus/youtube

ལྷོ་ཨ་ཧྥི་རི་ཀའི་ངོས་ནས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་དགོས་ཀྱང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ནམ་ཡང་བློས་གཏོང་བྱེད་མི་ཉན་པ་གྲོས་ཚོགས་ནང་གླེང་འདུག
ཉེ་སྔོན་ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་ནང་(Inkata)་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Khuleko Hlengwa)་ལགས་ཀྱིས། བོད་ཀྱི་གནད་དོན་གླེང་སློང་གནང་པ་དང་སྦྲགས་བོད་མིའི་མངོན་འདོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་དགོས་པ་གསུངས་འདུག
དེ་ནི་ཉེ་ལམ་ཕྱི་ཟླ་ ༧ ་ཚེས་ ༡༡་ཉིན། ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་ནང་རྒྱལ་སྤྱིའི་འབྲེལ་ལམ་དང་མཉམ་སྦྲེལ་གྱི་ལས་དོན་ཞུ་ཕྱོགས་སྐོར་བགྲོ་གླེང་གི་ལས་རིམ་སྐབས། ལྷོ་ཨ་ཧྥི་རི་ཀའི་(Inkata)་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་(Khuleko Hlengwa)་ལགས་ཀྱིས་བོད་ལུགས་སྟོད་ཐུང་ཞིག་གྱོན་ནས་གྲོས་ཚོགས་ནང་། བདུན་ཕྲག་གཅིག་གི་གོང་ཁོང་ལྷོ་ཧྥི་རི་ཀའི་གྲོང་ཁྱེར་(Pretoria) ནང་ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་བཅར་རྒྱུའི་གོ་སྐབས་བྱུང་ཞིང་། ཁོང་གིས་གྱོན་པའི་བོད་ལུགས་སྟོད་ཐུང་འདི་བཞིན་སྐབས་དེར་ཕྱག་རྟགས་སུ་བྱུང་ཡོད་པ་གསུངས་སྟེ། ལྷོ་ཨ་ཧྥི་རི་ཀ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་སྟབས་སྟོད་ཐུང་འདིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་འདི་བཞིན་བཙན་གནོན་དང་དྲག་གནོན་འོག་གནས་པའི་མགོན་མེད་རྣམས་ལ་སྐྱབས་གནས་ཀྱི་འགན་ཞིག་ཡོད་པ་དྲན་གསོ་མཚོན་གྱི་ཡོད་པ་དང་། དེར་བརྟེན་ལྷོ་ཨ་ཧྥི་རི་ཀའི་གཞུང་ནས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཀའི་ནང་ཆིབས་བསྒྱུར་གྱི་མཐོང་མཆན་(VISA)མ་ཕུལ་བའི་གནད་དོན་ལ་ངེས་པར་དུ་བསམ་བློ་བསྐྱར་ཞིབ་གཏོང་དགོས་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནས་ནམ་ཡང་ཕྱིར་འཐེན་བྱ་མི་རུང་བའི་དྲན་གསོ་ཞིག་ཀྱང་ཡིན་པ་ནན་གསུངས་གནང་འདུག
གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Hlengwa)་ལགས་ཀྱིས་མུ་མཐུད་གསུངས་པར། ང་ཚོས་(Israel)་དང་(Palestine)་དབར་གྱི་གནད་དོན་གླེང་སློང་གནང་བཞིན་པ་ལྟར། རྒྱ་ནག་གཞུང་གི་རྒྱ་ནག་གཅིག་ཅེས་པའི་རྩ་དོན་གྱི་སྲིད་ཇུས་འོག་བོད་དང་ཐེ་ཝན་གཉིས་ལ་བཙན་གནོན་བྱེད་བཞིན་པའི་གནད་དོན་ཡང་གླེང་དགོས་པ་མ་ཟད། བོད་དང་ཐེ་ཝན་གཉིས་ཀྱི་རང་དབང་དང་། དམངས་གཙོའི་མངོན་འདོད་ཡང་གླེང་རྒྱུ་གལ་ཆེ་ཡིན་པ་དྲན་སྐུལ་གནང་པའི་ཐོག་རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐུན་འགྱུར་གནང་བ་ལྟར། ལྷོ་ཨ་ཧྥི་རི་ཀའི་ངོས་ནས་ཀྱང་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་དགོས་ཀྱང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ནམ་ཡང་གློད་གཏོང་བྱ་རྒྱུ་མེད་པའི་སྐོར་གསལ་འདོན་གནང་འདུག

གཏམ་བཤད་ཆ་ཚང་འདི་ནས་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎