བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་འདུག

བོད་ཀྱི་ས་ཁུལ་ཚང་མའི་ནང་རྒྱ་ནག་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་དམག་མི་སོགས་ཕོན་ཆེ་བཀྲམ་ནས་དམ་བསྒྲགས་ཤུགས་ཆེ་བྱས་འདུག

2009.03.14

༄༅༎དེ་རིང་ཕྱི་ཚེས་བཅུ་བཞི་ཉིན་མོ་དེ་ནི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོ་ཞིག་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་ངོ་གཅིག་འཁོར་བའི་དུས་དྲན་ཉིན་མོ་ཡིན་པ་དང་དེའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་འགྱུར་བའི་བོད་ཀྱི་ས་ཁུལ་ཚང་མའི་ནང་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ།དམག་མི་སོགས་ཕོན་ཆེ་བཀྲམ་ནས་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་རྒྱ་མི་རིགས་རུས་མིང་ཁྲུའུ་ཟེར་བ་ཞིག་གིས་ཨེ་པི་གསར་འགྱུར་རྒྱུད་ལམ་གྱི་གསར་འགོད་པར་གྲན་དུའུ་གྲོང་ཁྱེར་དུ་འབྱོར་བའི་སྐབས་བརྗོད་དོན་ལྟར་ན་ཁོ་པ་བོད་ནང་བསྐྱོད་པའི་རིང་ག་པར་བསྐྱོད་ཀྱང་རང་ཉིད་ངོ་ཐག་ཆོད་པའི་ལག་ཁྱེར་བརྟག་དཔྱད་བྱེད་མཁན་ཡོད་པ་དང་དེ་བཞིན་བོད་ཀྱི་ས་ཁུལ་གང་སར་དྲག་ཆས་སྤྲས་པའི་ཉེན་རྟོག་མི་སྣ་འགྲེམས་འཇོག་བྱས་ཡོད་པ་མ་ཟད་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་གཙུག་ལག་ཁང་དང་བར་བསྐོར་གྱི་མཐའ་འཁོར་དུ་དྲག་ཆས་ཉེན་རྟོག་དམག་དཔུང་རུ་སྒྲིག་གིས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་དེ་མིན་ལྷ་སའི་མཐའ་དབྱིངས་སུ་དམག་དཔུང་གི་ཐད་ཕུར་གནམ་གྲུས་མཐའ་ཐོག་ནས་བསྐོར་དབྱེངས་བྱེད་ཀྱི་ཡོད་པ་སོགས་མདོར་ན་ཉིན་དེར་བོད་ས་ཡོངས་སུ་དྲག་པོའི་དམ་བསྒྲགས་ཤུགས་ཆེ་ཡོད་པ་གནས་ཚུལ་དངོས་མཐོང་མཁན་གྱི་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་དང་བོད་ནང་གནས་སྡོད་བྱེད་མཁན་གྱི་གྲོང་མི་ཚོས་འགྲེལ་བརྗོད་བྱས་པའི་སྐོར་ཨེ་པི་དང་རོའུ་ཀྲར་གསར་འགྱུར་རྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག

ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་ཞི་རྒྱ་ཆེན་པོ་སྤེལ་ནས་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་ཅིང་ད་ལོ་ལས་འགུལ་དེ་སྤེལ་ནས་ལོ་གཅིག་འཁོར་བའི་དུས་དྲན་ཉིན་ན་ནིང་ལྟར་གྱི་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་དོགས་ཟོན་ཆེད་རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པའི་སྔོན་ནས་བོད་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་བཀག་སྡོམ་བྱས་ཡོད་པའི་ཁར་བོད་ཀྱི་ས་ཁུལ་ཚང་མའི་ནང་དྲག་ཆས་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎