བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་ཆོག་སྐོར།

བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་ཆོག་པ་སླར་ཡང་སྒོ་མོ་ཕྱེས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསལ་བསྒྲགས་གནང་འདུག

2008.06.25

༄༅༎བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ནས་བཟུང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་ཆོག་པ་སླར་ཡང་སྒོ་མོ་ཕྱེས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསལ་བསྒྲགས་གནང་འདུག

འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་ གསར་འགོད་པ་སོགས་འཛུལ་བཞུགས་བྱེད་རྒྱུ་བཀག་འགོག་བྱས་ཡོད་པ་རེད་

དེ་རིང་བོད་ས་གནས་སྲིད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ ས་གནས་མགྲིན་ཚབ་པ་བཀྲ་ནོར་གྱིས་ཁ་སྔོན་རེས་གཟའ་སྤེན་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨོ་ལིམ་པིག་གི་དཔལ་འབར་སྐོར་བསྐྱོད་བྱེད་པའི་སྐབས་ཟང་ཟིང་གི་གནས་ཚུལ་སོགས་གང་ཡང་བྱུང་མེད་སྟབས་ དེས་བོད་དེ་ད་ཆ་བརྟན་ལྷིང་ཞིག་ཏུ་གནས་པ་མཚོན་གྱི་ཡོད་པས་ད་ལྟ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུར་ཁོང་ཚོའི་བདེ་འཇགས་ཐོག་ཉེན་ཁ་མེད་པར་མངའ་ཁུལ་དེ་གའི་ནང་བརྟན་ལྷིང་གི་གནས་སྟངས་སུ་གྱུར་ཡོད་ལུགས་དང་གསུམ་པའི་ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བྱུང་བའི་དོན་རྐྱེན་དེའི་ཐོག་ང་ཚོས་ཁ་བྲལ་རིང་ལུགས་པ་ཚོར་ཕར་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད་ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་སྒོ་མོ་ཕྱེས་ཡོད་པའི་སྐོར་གསལ་བསྒྲགས་བྱས་ཡོད་ཀྱང་ལྷ་སའི་ནང་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པའི་ཚན་པ་ཁག་ཅིག་གིས་གསུངས་ན་ བོད་ཀྱི་ས་ཁུལ་ཁག་ཅིག་གི་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སྐོར་བསྐྱོད་བྱེད་རྒྱུར་ད་དུང་ཡང་དམ་བསྒྲགས་ཆེན་པོ་ཡོད་ལུགས་དང་དེ་ཡང་རྒྱ་རིགས་མིིན་པར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ནི་ཚོགས་སྡེ་ཁག་མཉམ་རུབ་ཀྱི་ཐོག་ནས་སྐོར་བསྐྱོད་བྱེད་དགོས་པ་དང་དེའི་ཐོག་དམིགས་བསལ་གྱི་བཀའ་ཁྲོལ་དགོས་ཀྱི་ཡོད་པ་སོགས་བོད་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་བྱེད་རྒྱུའི་ཐོག་ཆ་ཚང་སྒོ་ཕྱེས་མེད་པ་རེད་ཅེས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་ཚན་པ་ཞིག་གིས་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་ཁང་དུ་ཞལ་དཔར་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎