བོད་ནང་བྱེད་ཐབས་འདྲ་མིན་གྱི་དམ་དྲག་ལ་སྐྱོན་བརྗོད་བྱས་འདུག


2017.06.20
མཚོན་དོན་པར་རིས། མཚོན་དོན་པར་རིས།
HRW

རྒྱ་ནག་གཞུང་གིས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་མིང་ཚིག་འདྲ་མིན་བེད་སྤྱད་ཏེ་ཁ་གསལ་མེད་པའི་ཐོག་ནས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བརྗོད་འདུག
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༡༩་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་(Human Rights Watch) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་མི་ཚོར་དྲག་གནོན་བྱེད་སྟངས་པར་རིས་འགྲེལ་བཤད་ཀྱི་ལམ་ནས་བཀོད་ཏེ་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ཚུལ་དུ་བཟང་ཕྱོགས་དང་མཐུན་ལམ་གྱི་རྣམ་པ་ཞིག་བཏོན་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་ཀྱི་དཔོན་རིགས་ནས་མང་ཚོགས་དཀྱུས་མ་བར་ཁྱོན་ཡོངས་སུ་སྟངས་འཛིན་དང་མྱུལ་ཞིབ་བྱེད་ཀྱི་ཡོད་པ་དང་། གཞུང་ཕྱོགས་ཀྱིས་མིང་ཚིག་བེད་སྤྱོད་བྱེད་བཞིན་པའི་ནང་། “སྤྱི་ཚོགས་དོ་དམ” དང་ “ ཁྱོན་ཡོངས་སུ་ལེགས་བཅོས་གཏོང་བ” “གྲོང་ཚོ་རེ་རེ་ནི་བཙན་ས་ཡིན་ཞིང་། མི་རེ་རེ་ནི་སྲུང་བྱ་ཡིན་ཞེས་སོགས་ཆབ་སྲིད་དང་སྤྱི་ཚོགས་དམ་འཛིན་དང་འབྲེལ་བའི་ཚིག་བེད་སྤྱད་ནས་བོད་མི་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་བའི་སློབ་གསོ་གཏོང་གི་ཡོད་པའི་སྐོར་བཀོད་འདུག
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie་Richardson)་གྱིས། རྒྱ་ནག་གཞུང་གིས་མིང་ཚིག་དེ་རིགས་བེད་སྤྱད་ནས་བོད་མི་ཚོར་གལ་སྲིད་སྲིད་གཞུང་དང་གཅིག་མཚུངས་ཀྱི་ཆབ་སྲིད་ལངས་ཕྱོགས་མི་འཛིན་ཚེ་ཉེས་ཆད་ནན་པོ་གཅོད་རྒྱུ་ལས་གཡོལ་ཐབས་མེད་ལུགས་ཀྱི་བརྡ་གཏོང་གི་ཡོད་པ་ནི་གསལ་པོ་རེད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་གོང་ཞུས་མིང་ཚིག་དེ་རིགས་གཞུང་འབྲེལ་བརྒྱུད་ལམ་བེད་སྤྱད་ནས་བསྐྱར་སྐོར་ཡང་སྐོར་གྱིས་བསྒྲགས་ཞོར་བོད་ནང་གི་དཔོན་རིགས་ཚོས་རྒྱ་ནག་གུང་ཁྲན་གཞུང་གི་སྲིད་བྱུས་དང་སྒྲིག་ལམ་ལག་བསྟར་བྱེད་བཅུག་གི་ཡོད་པ་མ་ཟད། དུས་མཚུངས་རྒྱ་ནག་གུང་ཁྲན་ཚོགས་པའི་སྲིད་བྱུས་ལ་དོགས་གཞི་དང་སྐྱོན་བརྗོད་བྱ་མཁན་ཚོར་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ནའི་གོང་ཞུས་ཀྱི་མིང་ཚིག་དེ་དག་མང་ཚོགས་དང་ཕྱི་ཕྱོགས་སུ་ཁ་གསལ་ཐོག་ནས་འགྲེལ་བཤད་རྩ་བ་ནས་རྒྱག་གི་མེད་ཅིང་། མིང་ཚིག་དེ་ཚོའི་ཕྱི་ཚུལ་ནས་བལྟས་ན་གནོད་ཚབས་མེད་པ་ལྟ་བུ་ཡོད་ཀྱང་དོན་དངོས་ཐོག་མིང་ཚོག་དེ་ཚོའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དམ་དྲག་གནོན་ཤུགས་ཀྱི་སྲིད་བྱུས་ཡིན་པ་གསལ་པོ་མཐོང་ཐུབ་རྒྱུའི་སྐོར་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཀྱིས་རི་མོའི་ལམ་ནས་བཏོན་པའི་སྙན་ཐོ་དེའི་ནང་བཀོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎