བོད་ནང་རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་བརྗོད་པའི་དཔེ་དེབ།


2016.01.13
བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་རང་ལུས་མེར་བསྲེགས་སྐོར་གྱི་དཔེ་དེབ་དབྱིན་བསྒྱུར་མའི་མདུན་ཤོག བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་རང་ལུས་མེར་བསྲེགས་སྐོར་གྱི་དཔེ་དེབ་དབྱིན་བསྒྱུར་མའི་མདུན་ཤོག
ཀླུ་འབུམ།/RFA

བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་བརྗོད་པའི་དཔེ་དེབ་དབྱིན་བསྒྱུར་བྱས་ཡོད།
དེ་ཡང་བོད་ནང་གི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བོད་ནང་བོད་མི་ཚོས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་པའི་རྒྱུ་མཚན་ཇི་ཡིན་སྐོར་གྱི་དཔེ་དེབ་ཞིག་དབྱིན་ཡིག་ནང་བསྒྱུར་ནས་ཕྱི་ཕྱོགས་སུ་པར་བསྐྲུན་གནང་རྒྱུ་རེད།
ཨ་རིའི་ནིའུ་ཡོག་དཔེ་དེབ་དཔྱད་ཞིབ་ཀྱི་དྲ་རྒྱའི་ཐོག རྒྱ་ནག་པེ་ཅིང་ཏུ་བཞུགས་པའི་བོད་པའི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གི་འབྱུང་རྐྱེན་འཁོད་པའི་དཔེ་དེབ་ལས་བཏུས་པའི་དཔྱད་རྩོམ་ཞིག་གི་ནང་། སྤྱི་ལོ་༢༠༠༩ལོར་ནས་བཟུང་བོད་ནང་རང་ལུས་མེ་སྲེག་བཏང་མཁན༡༤༢ བྱུང་ཡོད་པ་དང་། རང་སྲེག་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱ་ནག་གི་ཉེ་བའི་ལོ་བཅུ་ཕྲག་འགའི་ནང་བོད་མི་ཚོར་གཉའ་གནོན་ཚད་མེད་བྱས་པར་རྐྱེན་བྱས་ནས་ཡིན་པ་དང་། བཙན་གནོན་དེ་དག་ཁག་ལྔ་ལ་དབྱེ་ཡོད་ཅིང་། བོད་མིའི་ཆོས་དད་ལ་གཉའ་གནོན་བཤུ་གཞོག་དང་། བོད་མཐོ་སྒང་དུ་ཁོར་ཡུག་རྩ་གཏོར། བོད་མིའི་སྐད་ཡིག་ལ་ཁྱད་གསོད་དང་བརྙས་བཅོས་གཏོང་བ་དང་། རྒྱ་ཧན་མི་རིགས་བོད་ནང་གནས་སྤོ། དེ་བཞིན་བོད་ནང་ལྟ་སྲུང་དང་དམ་དྲག་ནན་མོ་བྱས་ནས། ལྕགས་སྒྲོམ་ཀྱི་ལམ་ལུགས་ཞིག་གིས་འགྲོ་འདུག་སྤྱོད་གསུམ་ལ་ཚད་བཀག་ཅན་གྱི་རྒྱུ་མཚན་ལ་བརྟེན་ནས་རང་ལུས་མེ་སྲེག་ཡོང་གི་ཡོད་པ་དཔེ་མཚོན་དང་བཅས་འཁོད་ཡོད་པ་རེད།
སྐུ་ཞབསKevin Carricoལགས་ཀྱིས་དབྱིན་ཡིན་ཐོག་ཕབ་བསྒྱུར་བྱས་པའི་རང་སྲེག་སྐོར་གྱི་དཔེ་དབེ་དེ་ཕྱི་ཚེས་༡༢ཉིན་འགྲེམས་སྤེལ་གནང་གི་ཡོད་པ་བརྗོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎