ལྦ་ཤིང་ཀྲོན་དུ་གྲོས་ཚོགས་ནང་བོད་དོན་ཞུ་གཏུགས་བྱེད་རྒྱུ།

ཨ་རིའི་མངའ་ཁུལ་བཞུགས་མཁན་གྱི་བོད་མི་ཚོའི་སྐུ་ཚབ་ཚོས་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་མུ་མཐུད་ཡོང་བར་འབོད་སྐུལ་ཞུ་རྒྱུ།

2011.02.26

༄༅༎གཟའ་འཁོར་རྗེས་མའི་གཟའ་ཟླ་བ་དང་མིག་དམར་ཉིན་གཉིས་རིང་ཨ་རིའི་མངའ་ཁུལ་ཁག་ནང་བཞུགས་མཁན་གྱི་བོད་མི་ཚོའི་སྐུ་ཚབ་ཚོ་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་འཛོམས་ནས་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་མུ་མཐུད་ཡོང་རྒྱུའི་འབོད་སྐུལ་ཞུ་བར་ཕེབས་རྒྱུ་ཡིན་པ་རེད།

བོད་ཀྱི་ཞུ་གཏུགས་ཉིན་མོ་ཞེས་པ་དེ་ཡིན་པ་དང་ཉིན་དེ་གཉིས་ནང་ཨ་རིའི་མངའ་ཁུལ་མང་པོ་ཞིག་ནས་ཕེབས་པའི་བོད་མི་བརྒྱ་ལྷག་ཙམ་གྱིས་རང་སོ་སོ་གནས་སྡོད་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཚོའི་ལས་ཁུངས་སུ་བཅར་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་མ་འོངས་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད་ འབོད་སྐུལ་ཞུ་གཏུགས་གནང་བར་ཕེབས་མཁན་གྱི་འཐུས་མི་ཚོས་ད་རེས་ཀྱི་གོ་སྐབས་དེ་དང་བསྟུན་ནས་ བོད་ནང་གི་བོད་མི་ཚོའི་ཚབ་ཞུས་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་ད་ལྟའི་བོད་ནང་གི་གནས་སྟངས་དང་ བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་སོགས་ཉམས་ཉེས་འགྲོ་བཞིན་པའི་དཀའ་ངལ་སོགས་སྙན་སེང་ཞུ་རྒྱུ་རེད། འབོད་སྐུལ་ཞུ་གཏུགས་ཀྱི་ལས་དོན་དེ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའ་བོད་དོན་ལས་འགུལ་ཁང་གིས་  འབོད་སྐུལ་ཞུ་ཡུལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་པ་ཚོར་ བོད་ཕྱི་ནང་གཉིས་ཀྱི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཡོང་རྒྱུའི་འབོད་སྐུལ་དོན་ཚན་ཁག་ལྔ་ཅན་ཞིག་བཏོན་གནང་ཡོད་པ་རེད། དེའི་ནང་ཨ་རི་གྲོས་ཚོགས་ཀྱིས་བོད་ཀྱི་ཆབ་སྲིད་རྩ་དོན་ཐོག་༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་རྒྱབ་སྐྱོར་གནང་གི་ཡོད་པ་ཕུད་ དེ་མིན་བོད་མི་ཚོར་དཔལ་འབྱོར་གྱི་རོགས་རམ་ཡང་མང་པོ་ཞིག་གནང་གི་ཡོད་པའི་ནང་ བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་ཚོར་སློབ་ཡོན་གྱི་རོགས་རམ་གནང་གི་ཡོད་པ་རྒྱུན་མཁྱོངས་ཡོང་ཐབས་དང་ དེ་བཞིན་དེའི་གོང་ཨ་རི་གཞུང་གིས་བོད་མི་གཅིག་སྟོང་ཨ་རིའི་ནང་གཞིས་ཆགས་སུ་ལེན་པ་བཞིན་ ད་དུང་ཡང་བོད་མི་གང་ཙམ་གཞིས་ཆགས་སུ་ལེན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ། དེ་མིན་བོད་སྐད་རླུང་ཕྲིན་ཁང་གི་སྔོན་རྩིས་མ་དངུལ་མུ་མཐུད་གནས་ཐབས་ ལྷག་པར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་ཚན་པ་ཞིག་འཛུགས་ཐུབ་ཐབས་དང་ བོད་ནང་གི་ཆབ་སྲིད་ཀྱི་བཙོན་པ་ཚོ་གློད་བཀྲོལ་ཡོང་ཐབས་སོགས་འཁོད་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎