བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་སྐོར།

བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་མ་འོངས་པའི་གནད་དོན་ཡིན་པ་ལས་ཏཱ་ལའི་བླ་མ་མཆོག་གི་སྐུ་དབང་གི་གནད་དོན་ཞིག་རྩ་བ་ནས་མ་རེད་

2008.07.18

༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁང་གིས་ཟླ་བ་འདིའི་ཚེས་༡༧གཟའ་ཕུར་བུའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བ་བརྒྱུད་ བོད་ཀྱི་གནད་དོན་ནི་ བོད་མི་ས་ཡ་དྲུག་གི་མ་འོངས་པའི་གནད་དོན་ཡིན་པ་ལས་ ཏཱ་ལའི་བླ་མ་མཆོག་གི་སྐུ་དབང་གི་གནད་དོན་ཞིག་རྩ་བ་ནས་མ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་གིས་བཏོན་པའི་གནས་ཚུལ་ཁག་ལ་འདས་པའི་ལོ་རྒྱུས་ཁག་དཔང་རྟགས་ཏུ་བཞག་སྟེ་ གསལ་བཤད་འཐིལ་ཕྱིན་པ་གནང་ཡོད་པ་རེད། དཔེར་ན་ ༡༩༨༩ལོར་ བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱིར་ རྒྱ་ནག་གཞུང་གིས་དོན་ཚན་ལྔ་ཅན་གྱི་གྲོས་འཆར་ཞིག་བཏོན་ཏེ་ གྲོས་འཆར་དེའི་ནང་༸གོང་ས་མཆོག་གིས་ ༡༩༥༩འི་སྔོན་གྱི་ཆབ་སྲིད་སྐུ་དབང་དེ་དག་རང་འཇགས་གནས་རྒྱུ་ཡིན་ལུགས་འཁོད་ཡོད་ཀྱང་ བོད་རྒྱའི་དབར་ཐག་གཅོད་བྱེད་དགོས་པའི་གནད་དོན་ནི་ བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁོ་ན་ཡིན་པ་ལས་ ༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་དབང་ཐད་རྒྱ་ནག་གཞུང་ལ་རེ་སྐུལ་ཞུ་དགོས་ཡག་གནད་དོན་གང་ཡང་མེད་ཅེས་༸གོང་ས་མཆོག་གིས་བཀའ་ལན་གསལ་ཞིང་གསལ་བ་ ཞིབ་ཅིང་ཕྲ་བ་ རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཕུལ་ཡོག་རེད་ཅེས་གསར་འགོད་གསལ་བསྒྲགས་ནང་བཀོད་ཡོད་པ་དང་ དེ་བཞིན་ཏཱ་ལའི་བླ་མ་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་རྒྱུན་འཛིན་བྱེད་དང་མི་བྱེད་ཀྱི་གནད་དོན་ཡང་བོད་མི་ཚོས་ཐག་གཅོད་བྱེད་ཀྱི་རེད་ཅེས་༸གོང་ས་མཆོག་གིས་༡༩༦༩ ལོར་སྔ་ས་ནས་གསལ་བཤད་གནང་ཟིན་པ་དང་ ༡༩༩༢ལོར་ཡང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་གནས་བབ་ཅིག་འཐོབ་པའི་མཚམས་སུ་༸གོང་ས་མཆོག་གི་ངོས་ནས་༡༩༥༩འི་སྔོན་གྱི་སྐུ་དབང་བསྐྱར་གསོ་གནང་རྒྱུ་ལྟ་ཞོག་བོད་ཀྱི་མ་འོངས་པའི་ཆབ་སྲིད་ནང་ཐུགས་འགན་གང་ཡང་བཞེས་གནང་གི་མིན་ཞེས་བཀའ་གསལ་གནང་བ་དང་ ཕྱི་ལོ་༢༠༠༢ ནས་བཟུང་ བོད་རྒྱའི་དབར་འབྲེལ་མོལ་རིམ་པ་ཐེངས་བདུན་གནང་བའི་སྐབས་སོ་སོར་ཡང་བོད་ཀྱི་གནད་དོན་ནི་ བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁོ་ན་ཡིན་པ་དམིགས་བསལ་སྐུ་ཚབ་བརྒྱུད་ རྒྱ་ནག་གི་དབུ་ཁྲིད་རྣམ་པ་ཚོར་གསུང་འཕྲིན་སྩལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎