གྷིརསི་ཁྲིམས་ཁང་གིས་བོད་མི་དང་ཧོང་ཀོང་གི་ལས་འགུལ་བར་ནག་ཉེས་མེད་པའི་ཐག་གཅོད་བྱས་འདུག

2022.11.18
གྷིརསི་ཁྲིམས་ཁང་གིས་བོད་མི་དང་ཧོང་ཀོང་གི་ལས་འགུལ་བར་ནག་ཉེས་མེད་པའི་ཐག་གཅོད་བྱས་འདུག རྒྱ་ནག་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བྱེད་ཡུལ་ནས་ངོ་རྒོལ་ལས་འགུལ་སྐབས། ༡༠།༡༨།༢༡
སྒྲིག་བཟོ།

གྷིརསི་(Greece)་ཁྲིམས་ཁང་གིས་ཡུལ་དེར་སྔ་ལོར་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བོད་མི་དང་ཧོང་ཀོང་ལས་འགུལ་བ་བཅས་ལ་ནག་ཉེས་མེད་པ་དག་འབུད་ཐག་གཅོད་གནང་འདུག
དེ་ཡང་གྷིརསི་(Greece)་ཁྲིམས་ཁང་གིས་ཡུལ་དེའི་(Acropolis)་དྲན་རྟེན་སྟེང་དུ་འཕྲེད་དར་འཐེན་ནས་ལོ་སྔོན་མར་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བོད་མི་དང་ཧོང་ཀོང་ལས་འགུལ་བ་བཅས་ལ་ནག་ཉེས་མེད་པ་འདི་ཚེས་༡༧ཉིན་དག་འབུད་ཐག་གཅོད་གནང་ཡོད་པ། བོད་རང་དབང་སློབ་ཕྲུག་ཚོགས་པའི་འབྲེལ་ཡོད་གཞི་རིམ་ལས་འགུལ་འགན་འཛིན་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། དེའི་ནང་བོད་པའི་བེུད་གཅིག་ཡོད་པ་ནི་རྫོགས་བཟང་ཚེ་ལྷ་ཡིན་འདུག
ཁོང་མོས་མུ་མཐུད་དུ་གསུང་ན། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་ཅིག་རེད་ལ། འདིས་ཡོ་རོབ་ནང་སྨྲ་བརྗོད་རང་དབང་དང་ཞི་བའི་ངོ་རྒོལ་ཆོག་པའི་ཐོབ་ཐང་གི་རྒྱལ་ཁ་ཆེན་པོ་ཞིག་མཚོན་པ་དང་། གྱོད་དོན་འདིའི་ཐད་བལྟས་བསྡད་ཡོད་པའི་རྒྱ་ནག་གཞུང་ལ་ཡིན་ཡང་བརྡ་ལན་སྤྲད་པ་རེད་ཅེས་གསུང་བྱུང་།
ལོ་སྔོན་མའི་སྤྱི་ཟླ་༡༠བའི་ནང་བོད་མི་དང་ཧོང་ཀོང་བ་གཙོས་ལས་འགུལ་བ་ཚོས་གྷི་རི་སིའི་ནང་༢༠༢༢ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་དངོས་སུ་རྩིས་སྤྲོད་ཀྱི་མཛད་སྒོའི་ཉིན་མོ་དང་བསྟུན། དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་མཛད་སྒོ་སྤེལ་སའི་ས་གནས་དང་དེའི་ཉེ་འགྲམ་(Acropolis)་དྲན་རྟེན་སྟེང་དུ་འཕྲེད་དར་འཐེན་ནས་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་དེ་རྒྱ་ནག་ལ་འོས་བབས་མེད་པའི་ངོ་རྒོལ་དང་། དེ་བརྒྱུད་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར། ངོ་རྒོལ་བྱས་རྗེས་འཛིན་བཟུང་བཀག་ཉར་བྱས་བ་དང་། ངོ་རྒོལ་ལས་འགུལ་དེ་ཁོར་ཡུག་འབག་བཙོག་དང་གཏོར་བརླག་གི་བྱ་སྤྱོད་ཅིག་ཡིན་ཚུལ་བཤད་ནས་ཁྲིམས་གཏུགས་བྱས་ཡོད་པ་དང་། ད་རེས་གྷིར་སི་ཁྲིམས་ཁང་གིས་ངོ་རྒོལ་བ་དེ་དག་ལ་ནག་ཉེས་མེད་པའི་དག་འབུད་ཐག་གཅོད་གནང་བ་ཡིན་པ་རེད།
ངོ་རྒོལ་བྱེད་མཁན་སློབ་མ་དེ་དག་ནི་ཨ་རིའི་མི་སེར་ཡིན་པའི་བོད་མི་ཞིག་དང་། ཨ་རིའི་མི་སེར་ཡིན་པའི་ཧོང་ཀོང་བ་(Joey Siu)་ལགས་བཅས་ཡིན་འདུག་ལ། འབྲེལ་ཡོད་གྱོད་ཡ་ཞུ་སྦྱོར་བས་ལས་འགུལ་བ་ཚོས་ཉེས་པ་བསག་ཡོད་ཚུལ་བཤད་ཡོད་ལ། གལ་སྲིད་ཉེས་ཆད་ཕོག་པ་ཡིན་ན་མི་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་ཕོག་ངེས་པའི་སྐོར་འཁོད་ཡོད་ནའང་། གྷིར་སི་ཁྲིམས་ཁང་གིས་ལས་འགུལ་བ་དེ་དག་ལ་ནག་ཉེས་མེད་པའི་ཐག་གཅོད་བྱས་པ་དེ་ནི། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ལ་རྒྱལ་ཁ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎