ཆོས་ལུགས་ཀྱི་སྤྱི་ཚོགས་སོ་སོར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་བསྐོ་བྱ་རྒྱུའི་རང་དབང་དགོས་པ་འཇར་མན་གཞུང་གིས་གསུང་བྱུང་།

2023.02.15
ཆོས་ལུགས་ཀྱི་སྤྱི་ཚོགས་སོ་སོར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་བསྐོ་བྱ་རྒྱུའི་རང་དབང་དགོས་པ་འཇར་མན་གཞུང་གིས་གསུང་བྱུང་། འཇར་མན་ཕྱི་སྲིད་ལས་ཁུངས།
@fb/Auswärtiges Amt

དེ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་བྱེད་བཞིན་པའི་གནད་དོན་ཐད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འཇར་མན་གཞུང་གི་དགོངས་ཕྱོགས་ཇི་ཡིན་ཡིག་ཐོག་བཀའ་འདྲི་ཞུས་པར། ཕྱི་ཟླ་༢ཚེས་༡༥ཉིན་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་མིང་ཐོག་ནས་བཀའ་ལན་འབྱོར་བའི་ནང་། ཆོས་ལུགས་ཀྱི་སྤྱི་ཚོགས་བྱེ་བྲག་པ་སོ་སོར་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་འདེམས་བསྐོ་བྱ་རྒྱུའི་རང་དབང་དགོས་པ་འཇར་མན་དབུས་གཞུང་གིས་ཡིད་ཆེས་གནང་གི་ཡོད་པ་གསུང་འདུག
ཉེ་ཆར་འཇར་མན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་ནས་འཇར་མན་གཞུང་གི་ངོས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐད་ཐེ་བྱུས་བྱེད་ཐབས་བྱེད་བཞིན་པར་འཇར་མན་གཞུང་ཕྱོགས་ནས་རྒྱ་ནག་གཞུང་དང་བཀའ་བསྡུར་གནང་སྐབས། རྒྱ་ནག་གི་བྱེད་ཕྱོགས་དེ་མཚམས་འཇོག་ཡོང་ཐབས་གླེང་སློང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཨ་མི་རི་ཀའི་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་གཙོས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཐད། རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ན་མི་འགྲིག་པའི་སྲིད་བྱུས་ལངས་ཕྱོགས་འཛིན་བཞིན་ཡོད་པ་དང་། ཨ་མི་རི་ཀའི་སྣེ་ཁྲིད་ཀྱིས་ཡོ་རོབ་མང་གཙོའི་གཞུང་ཁག་གིས་ཀྱང་གནད་དོན་འདིའི་ཐད་གཅིག་གྱུར་གྱི་ལངས་ཕྱོགས་འབྱུང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎