གསུམ་བཅུའི་དུས་དྲན་ཉིན་རྫོང་སྡེ་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུ།

2021.03.09
གསུམ་བཅུའི་དུས་དྲན་ཉིན་རྫོང་སྡེ་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུ། ཨ་རིའི་ཁཱ་ལི་ཧྥོར་ནི་ཡ(California)མངའ་སྡེའི་སན་ཌའ་བྷར་བྷ་ར་(Santa Barbara)རྫོང་གི་འཛིན་སྐྱོང་ལྷན་ཁང་གི་སྤྱི་བསྒྲགས། ༣།༩།༢༡
མཐུན་འགྱུར་པར་རིས།

ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་མངའ་སྡེའི་སན་ཌའ་བྷར་བྷ་ར་རྫོང་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་རྒྱུའི་ཐག་གཅོད་བྱུང་འདུག
ཨ་རིའི་ཁཱ་ལི་ཧྥོར་ནི་ཡ(California)མངའ་སྡེའི་སན་ཌའ་བྷར་བྷ་ར་(Santa Barbara)རྫོང་གི་འཛིན་སྐྱོང་ལྷན་ཁང་ནང་། བོད་མིའི་རང་དབང་སྒེར་ལངས་དུས་དྲན་དང་བསྟུན་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་མཚོན་ཆེད། རྫོང་སྡེ་ལས་ཁུངས་གཙོས་རྫོང་དེའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་རྒྱུར་མང་མོས་ཐག་གཅོད་བྱུང་འདུག
དེའི་ཐད་འདི་ཚེས་༩ཉིན། རྫོང་གི་འཛིན་སྐྱོང་ལྷན་ཁང་གི་གསལ་བསྒྲགས་ནང་། རྫོང་དེའི་ནང་བོད་མིའི་རང་དབང་སྒེར་ལངས་ལ་གདུང་སེམས་མཉམ་སྐྱེས་མཚོན་ཆེད་གསུམ་བཅུའི་དུས་དྲན་ཉིན་རྫོང་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་བཀའ་འཁྲོལ་གནང་ཡོད་པ་བསྒྲགས་པ་དང་མཉམ། འདས་པའི་ལོ་ངོ་༦༢ཙམ་གྱི་རིང་། བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་དགོས་དོན་ནི། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་བ་དང་། དེའི་རྗེས་རྒྱ་ནག་གི་སྟངས་འཛིན་འོག་བོད་མིའི་ཐོབ་ཐང་རང་དབང་རྡོག་རོལ་བཏང་ནས་བོད་ནང་གི་བོད་མིའི་ཐོག་དམ་དྲག་བཙན་ཤེད་ཀྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ལ་ངོ་རྒོལ་གྱི་ལས་འགུལ་དང་། སྤྱི་ལོ་༡༩༥༩སྤྱི་ཟླ་༣ ཚེས་༡༠ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རང་དབང་སྒེར་ལངས་བྱས་ཏེ་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་བྱས་པའི་ཉིན་མོ་དེའི་དུས་དྲན་ཡིན་པ་སྤྱི་བསྒྲགས་དེའི་ནང་བཀོད་འདུག
ཡང་དེའི་ཐད་ཐེ་པོ་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁུལ་དེའི་རྫོང་སྡེ་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུ་ནི་ཐེངས་དང་པོ་ཡིན་པ་དང་། ཟླ་༣པའི་ཚེས་༡༠ཉིན་གྱི་ཞོགས་པར་ས་གནས་རྫོང་དཔོན་གྱི་སྐུ་ཚབ་སོགས་ཕེབས་ནས་མཛད་སྒོ་སྟབས་བདེ་ཞིག་དང་མཉམ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུ་ཡིན་པ་གསུངས་བྱུང་།
དེ་བཞིན་གསུམ་བཅུའི་དུས་དྲན་ཉིན་ཇར་མན་དང་། སུད་སི་སོགས་ཡོ་རོབ་ཀྱི་གྲོང་ཁྱེར་དང་གྲོང་སྡེ་མང་པོ་ཞིག་གི་ནང་། བོད་མི་ཚོར་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎