བོད་པའི་གློག་བརྙན་སྣ་ཚོགས་མི་མང་ལ་འགྲེམ་སྟོན་གནང་རྒྱུ།

བཙན་བྱོལ་བོད་མིས་བཟོས་པའི་གློག་བརྙན་སྣ་ཚོགས་ཤིག་བཞུགས་སྒར་རྡ་རམ་ས་ལར་མི་མང་ལ་རིན་མེད་འགྲེམ་སྟོན་གནང་རྒྱུ་ཡིན་འདུག

2009.06.06

༄༅༎བཙན་བྱོལ་བོད་མིའི་འདས་པའི་མི་ལོ་ལྔ་བཅུའི་ལོ་རྒྱུས་དྲན་གསོ་ཞུ་ཕྱིར་བཞུགས་སྒར་རྡ་རམ་ས་ལར་བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་ནས་བཟུང་ཉི་མ་གསུམ་རིང་བཙན་བྱོལ་བོད་མིས་བཟོས་པའི་གློག་བརྙན་སྣ་ཚོགས་ཤིག་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་ནང་མི་མང་ལ་རིན་མེད་འགྲེམ་སྟོན་གནང་རྒྱུ་ཡིན་པ་ཕ་ཡུལ་དྲ་རྒྱའི་ཐོག་ལ་གནས་ཚུལ་ཐོན་བཞག

གློག་བརྙན་འགྲེམ་སྟོན་ཞུ་རྒྱུའི་མཛད་འཆར་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གི་འཛམ་གླིང་ཡོངས་ཁྱབ་འགན་འཁུར་ཐེབས་རྩ་ཁང་དང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་ཐུན་མོང་གིས་མཐུན་འགྱུར་གོ་སྒྲིག་གནང་ཐོག་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་དབུ་འབྱེད་གནང་རྒྱུ་ཡིན་པ་རེད། འགྲེམ་སྟོན་ཞུ་རྒྱུའི་གློག་བརྙན་ཁོངས་སུ་བོད་མིའི་བསླབ་བྱ་ཞེས་པ་དང་བོད་ཀྱི་རྨི་ལམ།འཇིགས་བྲལ།གངས་རིའི་སྟེང་ལ་མི་གསོད་ཁྲག་སྦྱོར།བོད་མིའི་རང་དབང་གི་སྨྲེ་ངག།བོད་ཀྱི་བུད་མེད་སོགས་མདོར་ན་བཙན་བྱོལ་ནང་ད་ཕན་མི་ལོ་ལྔ་བཅུ་བར་དུ་གནས་པའི་རིང་གི་བོད་མི་ཚོའི་དགའ་སྡུག་ཇི་མྱོང་གི་ཉམས་འཚོར་སྐོར་ཞིག་ཡིན་པ་རེད། ད་ལོའི་ལོ་འདི་ནི་རྒྱ་ནག་བཙན་འཛུལ་མཁན་གྱི་སྲིད་གཞུང་ལ་བོད་མི་ཚོས་ཕྱི་ལོ་༡༩༥༩ལོར་ངོ་རྒོལ་སྒེར་ལངས་བྱས་ནས་མི་ལོ་ལྔ་བཅུ་འཁོར་བ་དང་དུས་མཚུངས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པས་བོད་མི་ཆིག་འབུམ་བརྒལ་བ་རང་ཡུལ་བཞག་སྟེ་རང་དབང་དོན་དུ་བཙན་བྱོལ་དུ་བསྐྱོད་དགོས་ཆགས་ནས་མི་ལོ་ལྔ་བཅུ་ཐམ་པ་ཧྲིལ་པོ་འཁོར་བའི་བོད་ཀྱི་ལོ་རྒྱུས་ནང་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎