ཨིན་ཌོ་ནེ་ཤི་ཡའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་འདྲ་པར་འགྲེམས་སྟོན།

བོད་ཀྱི་དངོས་བྱུང་གློག་བརྙན་ཁག་ཅིག་དང་བོད་ཀྱི་ལོ་རྒྱུས་ཀྱི་འདྲ་པར་སོགས་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སུ་རིམ་བཞིན་སྟོན་རྒྱུ་ཡིན་པ་རེད།

2009.03.07

༄༅༎བཙན་བྱོལ་ནང་གི་བོད་མི་གནས་སྡོད་གང་སར་དེ་སྔ་ཕྱི་ལོ་༡༩༥༩ལོར་རྒྱ་ནག་བཙན་འཛུལ་པར་བོད་མི་ཚོས་ངོ་རྒོལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞུ་བའི་ཆེད་དུ་འཛམ་གླིང་མི་དམངས་ལ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ལྟར་ཨིན་ཌོ་ནེ་ཤི་ཡ་ནང་ལའང་བོད་ཀྱི་གློག་བརྙན་དུས་སྟོང་ཞེས་པ་འགོ་བཙུགས་ཏེ་བོད་ཀྱི་དངོས་བྱུང་གློག་བརྙན་ཁག་ཅིག་དང་པར་གྱི་འགྲེམས་སྟོན་ཞེས་བོད་ཀྱི་ལོ་རྒྱུས་ཀྱི་འདྲ་པར་སོགས་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སུ་རིམ་བཞིན་སྟོན་རྒྱུ་ཡིན་པ་རེད།

ཉེ་ཆར་ཕྱི་ཚེས་བཞི་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་ཀྱི་གློག་བརྙན་དུས་སྟོང་ཞེས་པ་དབྱིན་ཇིའི་གྲོས་ཚོགས་ནང་ཐོག་མར་འགོ་འབྱེད་མཛད་སྒོ་གནང་སྟེ་རིམ་བཞིན་ཕྱི་ཟླ་ལྔ་པར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གཙོས་པའི་གྲོང་ཁྱེར་ཆེ་ཁག་དང་གྲོང་ཚོ་ཁག་ནང་གོ་སྒྲིག་གནང་རྒྱུ་ཡིན་ཞིང་ཨིན་ཌོ་ནེ་ཤི་ཡ་ནང་འདྲ་པར་གྱི་འགྲེམས་སྟོན་དེ་ནི་ཟླ་བ་འདིའི་ཕྱི་ཚེས་དྲུག་རེས་གཟའ་པ་སངས་ཉིན་འགོ་བཙུགས་གནང་བ་དང་བོད་ཀྱི་འགྲེམས་སྟོན་དེ་ནི་གོ་སྒྲིག་གནང་མཁན་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ཇ་ཀར་ཊ་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཐོ་སྒང་གི་ཐེབས་རྩ་ཁང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ།དེ་བཞིན་ཨིན་ཌོ་ནེ་ཤི་ཡའི་སྲིད་བློན་གྱི་གསར་འགྱུར་ལས་ཁང་གི་འདྲ་པར་སྐྱོན་མཁན་ཆེད་ལས་པ་ཨན་ཊ་ར་ཞུ་བ་བཅས་ཟུང་འབྲེལ་ཐོག་ནས་གནང་བ་ཞིག་ཡིན་ཞིང་འདྲ་པར་འགྲེམས་སྟོན་བྱེད་པ་དེའི་ནང་དུ་སྐུ་ཞབས་ཨེན་རི་ཁོ་ཞུ་བ་དང་སྐུ་ཞབས་ཇེ་སབ་ཡཀ་ཏོ་ད་དུང་སྐུ་ཞབས་ཀིརིཤ་སུ་ཧར་ནོ་ཀོ།སྐུ་ཞབས་ཡོ་རི་ཨན་ཊར་བཅས་བཞིས་བོད་དང་བཞུགས་སྒར་རྡ་རམ་ས་ལ།ལ་དྭགས།བལ་ཡུལ་བཅས་ནང་ཕེབས་པའི་སྐབས་སྐྱོན་པའི་འདྲ་པར་ཁག་ཡིན་པ་རེད། འདྲ་པར་གྱི་འགྲེམས་སྟོན་དེ་དང་མཉམ་དུ་བོད་ཀྱི་དངོས་བྱུང་ལོ་རྒྱུས་ཀྱི་གློག་བརྙན་ཁག་སྟོན་རྒྱུ་གོ་སྒྲིག་གནང་བའི་ནང་ན་ནིང་བོད་ནང་ནས་དོན་གྲུབ་དབང་ཆེན་ལགས་དང་རྒྱལ་ལྗོངས་ཚེ་རིང་ལགས་ཀྱིས་བཟོ་སྐུན་བྱས་པའི་འཇིགས་བྲལ་ཞེས་པ་དང་དེ་བཞིན་བོད་མི་དང་ཕྱི་རྒྱལ་བ་རྒྱ་གར་མི་རིགས་བཅས་ནས་བཟོ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་ཁག་བརྒྱད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎