རྒྱ་གར་ལ་ཐུགས་རྗེ་ཞུ་བའི་དུས་སྟོན་སྐོར།

རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་བོད་ཀྱི་དུས་སྟོན་ཞིག་རྒྱ་གར་ལྷོ་ཕྱོགས་བེངྒ་ལོར་གྲོང་ཁྱེར་ནང་ཚུགས་ཡོད་པ་དེ་ཁ་ས་མཇུག་སྒྲིལ་གནང་འདུག།

2009.11.25

༄༅༎བོད་མི་ཚོ་བཙན་བྱོལ་ལ་གྱར་ནས་མི་ལོ་༥༠འཁོར་བ་དང་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་ཞིག་རྒྱ་གར་ལྷོ་ཕྱོགས་བེངྒ་ལོར་གྲོང་ཁྱེར་ནང་ཚུགས་ཡོད་པ་དེ་ཁ་ས་མཇུག་སྒྲིལ་གནང་འདུག།

དུས་སྟོན་གྱི་ཉིན་མཐའ་མ་དེར་བཞུགས་སྒར་རྡ་རམ་ས་ལའི་དཔེ་མཛོད་འགན་འཛིན་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྒྱུར་ཞབས་ཞུ་ལོ་༡༦རིང་ཞུས་གནང་མཁན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དེ་གར་འདུས་པའི་རྒྱ་གར་བ་དང་བོད་མི་ཁག་ཅིག་ལ། དུས་རབས་༢༡པའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་སྟོན་གནང་མཛད་པའི་འཛམ་གླིང་ཀུན་ཁྱབ་ཀྱི་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་སྐོར་ནང་ཆོས་དང་འབྲེལ་བའི་གསུངས་བཤད་གནང་འདུག། དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་བཞིན་དེང་དུས་ཅན་གྱི་དུས་རབས་༢༡པ་དང་རན་འཚམས་ཡོད་པ་ཅིག་པུ་མ་ཡིན་པར། ནང་ཆོས་ཀྱིས་འདྲ་མཉམ་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་ཞུ་གིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་སྟེ། མིའི་ལུས་ཀྱི་ན་ཚ་བཅོས་ཐབས་སུ་སྨན་པ་དང་སྨན་གྱིས་དགོས་གལ་ཡོད་པ་བཞིན་། ནང་སེམས་ཀྱི་དཀའ་ངལ་མེད་པ་བཟོ་རྒྱུར་ནང་ཆོས་ཀྱི་ཕན་ཡོན་རྒྱ་ཆེ་ཡོད་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་པ་རེད།

ཡང་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ བྱམས་དང་བརྩེ་བ། སྙིང་རྗེ་དང་ཤེས་རབ་། འཚེ་བ་མེད་པ་དང་ ཚུལ་ཁྲིམས་བཅས་ནི་འགྲོ་བ་མིའི་རིགས་ཀྱི་གྲོགས་བཟང་ཤོས་ཡིན་པ་ལྟར་དེ་ཚོས་སླུ་བ་ནམ་ཡང་གཏོང་རྒྱུ་མིན་སྐོར་འགྲེལ་བརྗོད་གནང་སྟེ།

རྒྱ་གར་འཕགས་པའི་ཡུལ་དུ་སྐུ་བལྟམས་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྟོན་གནང་མཛད་པའི་ནང་ཆོས་ཟབ་མོ་དེ་ བོད་མི་ཚོས་ད་བར་ཉམ་ཆགས་སུ་མ་བཏང་བར་བདག་གཅེས་ཞུས་ནས་རྒྱ་གར་ལ་འབུལ་རྒྱུའི་གོ་སྐབས་བཟང་པོ་བྱུང་ཡོད་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎