༧གོང་ས་མཆོག་གི་མཛད་རྗེས་དང་མ་འོངས་བོད་རྒྱའི་འགྲོ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་།

2023.07.17
༧གོང་ས་མཆོག་གི་མཛད་རྗེས་དང་མ་འོངས་བོད་རྒྱའི་འགྲོ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་། ༧གོང་ས་མཆོག་གི་མཛད་རྗེས་དང་མ་འོངས་བོད་རྒྱའི་འགྲོ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་སྐབས། ༠༧།༡༡།༢༠༢༣
CTA

ཟླ་བ་འདིའི་ཕྱི་ཚེས་༡༡ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་འོད་ཟེར་གསར་ཁང་གིས་གོ་སྒྲིག་གནང་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་དང་མ་འོངས་བོད་རྒྱའི་འགྲོ་ཕྱོགས་ཞེས་པའི་བརྫོད་གཞིའི་ཐོག་དྲྭ་ལམ་བརྒྱུད་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་འཚོགས་གནང་ཡོད་པ་དང་། དེའི་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨོསི་ཊརེ་ལི་ཡའི་(Australia)་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་བཅས་དང་། གཞན་ཨ་རི་དང་ཁེ་ན་ཌ་ནས་པེ་ཅིང་དཔྱིད་ཁའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གྲགས་ཅན་སྐུ་ཞབས་ཧུ་ཕིང་ལགས་དང་། དམངས་གཙོ་དོན་གཉེར་བ་ཧྲེང་ཞོའི་ལགས། ཐེ་ཝན་ནས་སྐུ་ཞབས་ལི་ཤི་ཐན་ལགས། ཨོསི་ཊརེ་ལི་ཡ་ནས་སྐུ་ཞབས་ཧྥང་ཁྲུང་ཡིས་ལགས་བཅས་མཉམ་ཞུགས་གནང་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་ཐོག་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལོ་རྒྱུས་རིན་ཐང་ལྡན་པའི་མཛད་རྗེས་ཁག་འཛམ་གླིང་ཞི་བདེ། བྱམས་བརྩེ་དང་གཞན་ཕན། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གསལ་སྟོན་མཛད་པ་སོགས་ལ་བསྔགས་བརྗོད་དང་། ཉེ་བའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྷ་གལ་གནམ་ཐང་དུ་རྒྱ་ནག་གཞུང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་གཉིས་ཀའི་ཐོག་ནས་མགོན་པོ་མཆོག་ལ་འབྲེལ་བ་གནང་བཞིན་པ་དང་། ལ་དྭགས་སུ་མགོན་པོ་མཆོག་ལྷ་སར་འཁྱུག་ཙམ་ཕེབས་ཐུབ་པའི་ཐུགས་རེ་ཡོད་པ་བཀའ་སྩལ་ཡོད་པའི་ཐོག་རྒྱ་རིགས་ཚོགས་བཅར་བ་རྣམས་ནས་དོ་སྣང་ཤུགས་ཆེ་གནང་བཞིན་ཡོད་པ་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱི་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་ངོ་སྤྲོད་གནང་བྱུང་།
ཡང་ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་རིགས་ཚོའི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་སྤྱི་ལ་བསྐྱངས་པའི་མཛད་འཕྲིན་ནང་མགོན་པོ་མཆོག་གིས་བོད་མི་དམངས་ལ་མང་གཙོ་གསོལ་བསྩལ་གནང་པའི་ཐོག་ཡིད་སྨོན་སྐྱེས་ནས་བསྔགས་བརྗོད་བྱེད་བཞིན་ཡོད་སྐོར་དང་། གཞན་ཡང་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་རིགས་ཁག་ཅིག་གིས་༧གོང་ས་མཆོག་སྐུ་དངོས་སུ་མཇལ་འཕྲད་བྱུང་པའི་མྱོང་ཚོར་དང་སེམས་ཤུགས་འཕར་མ་བསྐྱེད་སྐོར་སོགས་གསུངས་པ་ངོ་སྤྲོད་གནང་བྱུང་།
ཐེ་ཝན་གྱི་དད་ལྡན་པ་མང་པོ་ཞིག་ལོ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་ཆེད་བཞུགས་སྒར་རྡ་རམ་ས་ལར་ཕེབས་བཞིན་ཡོད་པ་དང་། ད་ལོ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་གིས་ཕྱི་ཟླ་༡༠བའི་ཚེས་༢ནས་༤བར་གསུང་ཆོས་སྩལ་གཏན་འཁེལ་ཡོད་པ་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བྱུང་ལ། སྐབས་དེར་ཐེ་ཝན་ནས་ཉུང་མཐར་དད་ལྡན་པ་༨༠༠ལྷག་ཕེབས་རྒྱུ་ཡིན་པ་ཚོད་དཔག་ཐུབ་པ་གསུངས་བྱུང་།
ད་ལོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་པ་ཚོ་ལ་ལམ་རིམ་བསྡུས་དོན། བློ་སྦྱོང་ཚིག་བདུན་མ་དང་སྤྱན་རས་གཟིགས་ཕྱག་བཞི་བའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད། དེ་སྔོན་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་ལོ་གཉིས་རིང་ཐེ་ཝན་གྱི་དད་ལྡན་པ་ཚོར་གསུང་ཆོས་དྲྭ་ལམ་བརྒྱུད་སྩལ་ཡོད་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎