རྒྱ་ནག་གི་དམངས་གཙོ་བགྲོ་གླེང་ཚོགས་འདུར་བོད་ཀྱི་སྐུ་ཚབ་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་འདུག

2024.10.28
རྒྱ་ནག་གི་དམངས་གཙོ་བགྲོ་གླེང་ཚོགས་འདུར་བོད་ཀྱི་སྐུ་ཚབ་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་འདུག སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་རྒྱ་ནག་གི་དམངས་གཙོ་བགྲོ་གླེང་ཚོགས་འདུ་ཞིག་ལ་མཉམ་ཞུགས་དང་གཏམ་བཤད་གནང་སྐབས། ༡༠།༢༤།༢༠༢༤
Office of Tibet, Geneva

ཕྱི་ཟླ་༡༠ ཚེས་༢༤ ཉིན་ཇར་མན་ནིའི་རྒྱལ་ས་སྤར་ལིན་(Berlin)་དུ་བོད་དང་། ཐེ་ཝན། ཧོང་ཀོང་། ཤར་ཏུར་ཀི་སུ་ཐན། ལྷོ་སོག་པོ་དང་རྒྱ་རིགས་བཅས་མཉམ་འབྲེལ་ཐོག་རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་དང་། རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ངོ་༧༥ ཕྱིན་པ་དང་འབྲེལ་རྒྱ་ནག་གི་དམངས་གཙོ་བགྲོ་གླེང་ཚོགས་འདུར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་མཉམ་ཞུགས་གནང་བ་མ་ཟད། ཚོགས་འདུའི་སྐབས་གཏམ་བཤད་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་བའི་ལོ་ངོ་༧༥ ཟེར་བའི་བརྗོད་གཞི་ཐོག་རྒྱ་ནག་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་སྤེལ་བ་བཅས་ངོ་སྤྲོད་བྱས་ཡོད་པ་རེད།
ད་རེས་ཀྱི་ལྷན་ཚོགས་དེ་བཞིན་བགྲོ་གླེང་ལྷན་ཚོགས་དངོས་དང་དྲྭ་ལམ་ཚོགས་འདུ་ཞེས་པའི་སྡེ་ཚན་གཉིས་སུ་དབྱེ་ཡོད་པ་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དྲ་ལམ་བརྒྱུད་ནས་ཚོགས་འདུར་མཉམ་ཞུགས་གནང་ཡོད་འདུག

Chinese Liaison Officer Sangay Kyab Participates in a Conference Discussing Democratisation (2).jpg
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་རྒྱ་ནག་གི་དམངས་གཙོ་བགྲོ་གླེང་ཚོགས་འདུ་ཞིག་ལ་མཉམ་ཞུགས་དང་གཏམ་བཤད་གནང་སྐབས། ༡༠།༢༤།༢༠༢༤


ཚོགས་འདུ་དབུ་འབྱེད་མཛད་སྒོར་སྤར་ལིན་དུ་ཡོད་པའི་ཐེ་ཝན་དོན་གཅོད་ལས་ཁང་གི་སྐུ་ཚབ་སྐུ་ཞབས་ཞེ་ཀྲི་ཝེ་(Dr.Jhy-Wey Sheh)་ལགས་ཀྱིས་གསུངས་བཤད་གནང་བའི་ནང་། ད་ལྟའི་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་དམར་ཤོག་གཞུང་འགྱུར་བ་གཏོང་བར་ནུས་པ་ལྡན་པ་ནི་ང་ཚོ་འདིར་བཞུགས་ཀྱི་ཚོགས་སྡེ་ཁག་མཉམ་འབྲེལ་བྱ་རྒྱུ་དེ་ཡིན་ཞིང་། དེ་བཞིན་བོད་དང་ལྷོ་སོག་པོ། ཤར་ཏུར་ཀི་སུ་ཐན་ལ་སོགས་ནས་ད་བར་དུ་ཐེ་ཝན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་འདི་ལྟ་བུའི་ཚོགས་འདུ་ཚོགས་དགོས་པ་དང་དེ་ལས་གལ་ཆེ་བ་ནི་མཉམ་ལས་བྱ་རྒྱུ་དེ་ཡིན་པ་གསུངས་འདུག
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས། འདི་ལྟ་བུའི་མི་རིགས་སོ་སོའི་ཚོགས་སྡེ་མཉམ་འབྲེལ་གྱི་དགོངས་པ་དང་ལག་བསྟར་དངོས་སུ་བྱེད་མཁན་དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་གཙོ་བོ་ཡིན་པའི་བཙན་བྱོལ་ནང་གི་བོད་རིགས་ཡིན་ཞིང་། ད་ལྟའི་དུས་སྐབས་སུ་ཕྱོགས་ཚང་མའི་བར་མཉམ་ལས་དོན་དང་ལྡན་པ་བྱ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད་པ་མ་ཟད་། སངས་རྒྱས་སྐྱབས་ལགས་ཀྱིས་དུས་རིམ་བཞིའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བའི་སྲིད་བྱུས་གང་སྤེལ་བ་ངོ་སྤྲོད་གསུངས་བཤད་གནང་ཡོད་འདུག
ཚོགས་འདུ་སྡེ་ཚན་གཉིས་པ་དེ་དྲ་ལམ་ནས་ཚོགས་སྐབས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དྲ་ལམ་བརྒྱུད་གསུང་བཤད་གནང་ཡོད་པ་དང་། ཁོང་གིས་གཙོ་བོ་ཉེ་བའི་ལོ་ཤས་ནང་བོད་དོན་རྒྱལ་སྤྱིའི་ཐོག་གླེང་མོལ་གནང་རྒྱུ་ཉུང་དུ་སོང་བ་རེད་ཟེར་བ་བདེན་པ་མིན་པ་དང་། དེ་ཡང་ཨ་རིའི་གྲོས་ཚོགས་དང་གཞུང་གིས་བོད་དོན་ཐོག་བཞག་པའི་ཁྲིམས་འཆར་དང་ཁྲིམས་ཀྱི་ཐོག་ནས་ངོ་སྤྲོད་གནང་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎