ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་ཕྱི་དྲིལ་བཀའ་བློན་གཉིས་ལྡི་ལིར་མཇལ་མོལ་གནང་འདུག

2023.02.28
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་ཕྱི་དྲིལ་བཀའ་བློན་གཉིས་ལྡི་ལིར་མཇལ་མོལ་གནང་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་ཕྱི་དྲིལ་བཀའ་བློན་གཉིས་ལྡི་ལིར་མཇལ་མོལ་གནང་སྐབས། ༠༢།༢༨།༢༠༢༣
CTA

འདི་ཚེས་༢༨ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་(G-20)་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་སྟོབས་ཆེན་རྒྱལ་ཁབ་དེ་དག་གི་ཕྱི་སྲིད་བློན་ཆེན་རྣམ་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཡོད་པ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱི་དབུས་ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱ་སྟྲཱི་ལགས་དང་། དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་ཀྱིས་ཅེག་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་(Czech foreign minister Jan Lipavsky)་ལགས་དང་མཇལ་འཕྲད་ཀྱིས། ཕྱོགས་གཉིས་བར་བོད་དོན་དང་འབྲེལ་བའི་དོན་ཚན་གལ་ཆེན་ཁག་མང་པོའི་ཐོག་གོ་བསྡུར་ལྷུག་པོ་བྱུང་ཡོད་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་དང་མི་མང་གི་ངོས་ནས་ད་བར་བོད་དང་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་པ་བཞིན། མ་འོངས་པར་ཡང་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བཀའ་གནང་ཡོད་སྐོར་ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱ་སྟྲཱི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱ་སྟྲཱི་ལགས་ཀྱིས་གསུང་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་གིས་ད་རེས་རྒྱ་གར་ནས་བོད་མིའི་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་རྒྱལ་ཁབ་གཉིས་བར་ལ་དམིགས་བསལ་གྱི་ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་ཟབ་མོ་ཡོད་པ་དང་། ལྷག་པར་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་སྲིད་འཛིན་དམ་པ་སྐུ་ཞབས་(Vaclav Havel)་མཆོག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་བར་ལ་དམིགས་བསལ་གྱི་མཛའ་འབྲེལ་ཡོད་པ་བཞིན་ད་བར་ཕྱག་ལས་གང་གནང་པ་རྣམས་སྲིད་འཛིན་དམ་པ་ཁོང་གི་དགོངས་གཞི་ལྟར་གནང་གི་ཡོད་པ་གསུངས་ཡོད་འདུག

Kalon Norzin Dolma Meets Czech Foreign Minister Jan Lipavsky (1).jpeg
ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་རྒྱལ་ཁབ་གཉིས་བར་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡོད་པ་གཅིག་མཚུངས་ཡིན་སྟབས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བཙན་གནོན་འོག་གི་དཀའ་སྡུག་དང་བོད་མི་རྣམས་ཀྱི་རྒྱལ་ཁབ་ཤོར་བའི་ཚོར་བ་ཤེས་པའི་ཐོག་བོད་མིར་གདུང་སེམས་མཉམ་སྐྱེད་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་ཕྱི་ལོ་ ༢༠༢༢་ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་(Jiri Oberfazer)་ལགས་ཀྱིས་སྣེ་ཁྲིད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཁག་ཅིག་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་འདོན་ཆེད་བཞུགས་སྒར་ལྡ་རམ་ས་ལར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣པའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད་པ་རེད།
(G-20)་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་༣ཚེས་༡ནས་༢བར་འཚོགས་གནང་རྒྱུ་དང་། ད་རེས་ཀྱི་(G-20)་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་མཉམ་ཞུགས་གནང་གི་ཡོད་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎