བོད་ནང་གནས་བསྐོར་གྱི་རིན་གོང་ཕྱེད་བཅག་བྱ་རྒྱུ་ཡིན་འདུག
2008.10.17
༄༅༎བོད་ནང་ཡུལ་སྐོར་སྤྲོ་འཆམ་གྱི་གྲངས་འབོར་མང་དུ་འགྲོ་རྒྱུའི་ཆེད་ཕོ་བྲང་པོ་ཏ་ལ་སོགས་ལ་གནས་བསྐོར་གྱི་རིན་གོང་ཕྱེད་བཅག་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
དེ་ཡང་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་དེར་གཞུང་ཕྱོགས་ནས་དྲག་གནོན་བྱས་པའི་རྗེས་ད་བར་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་དང་རྒྱ་ནགག་ཞུང་ཕྱོགས་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཚོར་བོད་ནང་གནས་སྐོར་དུ་ཕེབས་པའི་གལ་ཆེའི་ས་ཆ་ཕོ་བྲང་པོ་ཏ་ལ་སོགས་པར་གཟིགས་སྐོར་དུ་ཕེབས་རྒྱུར་རིན་གོང་ཕྱེད་ཆག་བྱ་རྒྱུ་ཡིན་པ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་པ་དང་ཡིན་ནའང་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་གྲངས་འབོར་ཉུང་དུ་འགྲོ་དགོས་པའི་གནད་དོན་གཅིག་ནི་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་འམ་དེ་མིན་གྱི་ལས་དོན་ཐོག་ཡོང་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་བོད་ནང་ཕྱི་ཟླ་གསུམ་པའི་དོན་རྐྱེན་དེའི་རྗེས་རྒྱ་ནག་གཞུང་གིས་བོད་ནང་ཡུལ་སྐོར་སྤྲོ་འཆམ་སོགས་བསྐྱོད་རྒྱུ་བཀག་སྡོམ་བྱས་ནས་ཕྱི་ཟླ་བཞི་པའི་ཟླ་མཇུག་ཙམ་དུ་རྒྱ་ནག་རྒྱལ་ནང་གི་རྒྱ་མི་རིགས་ཚོ་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུའི་དམ་བསྒྲགས་ཕྱིར་འཐེན་བྱས་ཡོད་པ་དང་དེ་རྗེས་ཕྱི་ཟླ་ལྔ་པའི་ནང་ཧོང་ཀོང་དང་ཨའོ་མན།ཐའེ་ལྦན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་བསྐྱོད་རྒྱུའི་དམ་བསྒྲགས་རིམ་པས་ཕྱིར་འཐེན་བྱས་ཡོད་ཅིང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུའི་དམ་བསྒྲགས་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་དུ་མ་གཏོགས་ཕྱིར་འཐེན་བྱས་མེད་པ་རེད། བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མཁན་ཚོར་གནས་ཆེན་ཁག་ལ་གཟིགས་སྐོར་དུ་ཕེབས་རྒྱུའི་རིན་གོང་ཆེད་བཅག་བྱེད་ཡས་དེ་ནི་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་ལུགས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་ལྦང་སུང་བིང་ཟེར་བས་འགྲེལ་བརྗོད་བྱས་ཡོད་པ་རེད།།