བཙན་དབང་འོག་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་༦༨་ཕྱིན་པ།


2019.05.22
སྤྱི་ལོ་༡༩༥༡་ཟླ་བ་༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་འཇོག་སྐབས། སྤྱི་ལོ་༡༩༥༡་ཟླ་བ་༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་འཇོག་སྐབས།
པར་ཚགས།

རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་གྱི་མིང་ཐོག་བཙན་དབང་འོག་ཆིངས་ཡིག་དོན་ཚབ་བཅུ་བདུན་བཞག་ནས་མི་ལོ་དྲུག་ཅུ་རེ་བརྒྱད་ཕྱིན་འདུག
ཕྱི་ལོ་༡༩༥༠་ཐམ་པའི་ལོར་རྒྱ་དམར་པོའི་གཞུང་གིས་རྒྱ་ནག་གི་བཅིངས་གྲོལ་དམག་བོད་ཀྱི་ས་ཁུལ་དུ་བཏང་ནས་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོ་དབང་དུ་བསྡུས་ཤིང་བཙན་གྱིས་འཕྲོག་རྗེས། དམག་དཔུང་འབོར་ཆེ་ཞིག་ཆབ་མདོར་བཏང་པ་དང་། བོད་གཞུང་དང་མཉམ་དུ་བོད་ཞི་བའི་བཅིངས་གྲོལ་གཏོང་རྒྱུའི་མིང་གི་ཐོག་ནས་མདོ་སྤྱི་ང་ཕོད་ངག་དབང་འཇིགས་མེད་ཀྱིས་དབུ་ཁྲིད་པའི་བོད་ཀྱི་སྐུ་ཚབ་རྣམ་པར་བཙན་གྱིས་ཐོག་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། ཕྱི་ལོ་༡༩༥༡་ཕྱི་ཟླ་༥་ཚེས་༢༣་ཉིན་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་འཇོག་ཏུ་བཅུག་ནས། ད་བར་ལོ་ངོ་ ༦༨ འཁོར་གྱི་ཡོད་པ་རེད། འདི་ནི་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ཞི་བའི་བཅིངས་གྲོལ་བཏང་པ་ཟེར་བའི་ཚད་འཛིན་གྱི་ཡིག་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ལོ་ངོ་༦༨་སོང་ཟིན་པའི་རྗེས་སུ་ཡང་གྲོས་མཐུན་འདི་བོད་དང་རྒྱ་ནག་གཞུང་དབར་འདྲ་མཉམ་གྱི་ཐོག་ནས་མིན་པར་དམག་གི་དཔུང་འཇུག་བྱ་རྒྱུའི་སྡིག་རྭའི་འོག་བཞག་པ་ཞིག་ཡིན་སྟབས་ཁྲིམས་ལུགས་ཀྱི་ཐོག་ནས་གྲོས་མཐུན་འདི་ཚད་འཛིན་མིན་པར་ངོས་འཛིན་བྱེད་མཁན་བོད་མི་དང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ཁྲོད་དུ་དུང་ཡང་ཡོད་པ་རེད།
ཕྱི་ལོ་༡༩༥༡་ལོར་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ཟིན་པའི་རྗེས་ཆིངས་ཡིག་གི་ནང་དོན་ཁག་ལ་རྒྱ་ནག་གི་དབང་འཛིན་པ་ཚོས། བརྡེལ་བཤིག་ཤུགས་ཆེ་བཏང་པར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་གསལ་ཡོད་ཅིང་། མཐར་ཕྱི་ལོ་༡༩༥༩་ལོའི་བོད་མིའི་སྒེར་ལངས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་ཞལ་གྱེས་དགོས་བའི་གནས་ཚུལ་སོགས་བྱུང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཏེཛ་པུར་དང་དེ་རྗེས་མ་སུ་རིར་ཞབས་སོར་འཁོད་རྗེས་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་འབྲུ་དོན་ཁག་རྒྱ་ནག་རང་ཉིད་ནས་བརྡེལ་བཤིག་ཤུགས་ཆེ་བཏང་སྟབས། ཆིངས་ཡིག་དེ་རྩིས་མེད་གཏོང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎