དབྱིན་ཡུལ་ནང་ཁུང་ཙི་སློབ་གྲྭའི་སྐོབ་ཁྲིད་བྱེད་སྟངས་ལ་སྐྱོན་བརྗོད།


2015.03.30
ཨ་རིའི་ནང་རྒྱ་ནག་གིས་ཁུང་ཙི་ཞེས་ཤེས་ཡོན་བརྗེ་ལེན་གྱི་ལས་དོན་སྤེལ་བཞིན་པ། ཨ་རིའི་ནང་རྒྱ་ནག་གིས་ཁུང་ཙི་ཞེས་ཤེས་ཡོན་བརྗེ་ལེན་གྱི་ལས་དོན་སྤེལ་བཞིན་པ།
དྲ་བཤུས Confucius Institute

དབྱིན་ཡུལ་གྱི་བོད་རང་བཙན་ཞེས་པའི་ཚོཊ་པས་དབྱིན་ཡུལ་གྱི་སློབ་གྲ་ཁག་ནང་གི་ཁུང་ཙི་སློབ་གྲྭའི་སྐོབ་ཁྲིད་བྱེད་སྟངས་ལ་སྐྱོན་བརྗོད་གནང་།
དེ་ཡང་ཕྱི་ཚེས་༣༠ཉིན་དབྱིན་ཡུལ་གྱི་བོད་རང་བཙན་ཞེས་པའི་ཚོགས་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བདུན་རྗེས་མར་དབྱིན་ཡུལ་རྒྱལ་ཡོངས་ཐོག་རྒྱ་ནག་གཞུང་གིས་འགྲོ་གྲོན་གཏོང་བའི་ཁུང་ཙིའི་སློབ་གྲ་ཞེས་པའི་སློབ་གྲ་དེ་དག་ནང་རྒྱ་ཡིག་སློབ་འཁྲིད་བྱེད་ཕྱོགས་ཐོག་ཡིག་ཆ་འགྲེམས་སྤེལ་བྱས་པ་དེ་ལ་བརྟེན་ནས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་མིའི་ཁུང་ཙིའི་སློབ་གྲ་དེ་དག་ནང་རྒྱ་ནག་གུང་བྲན་གཞུང་གི་འདོད་ཕྱོགས་རྐྱང་པ་མ་གཏོགས་རྒྱ་ནག་མི་དམངས་དཀྱུས་མའི་མི་ཚེ་སྐྱེལ་སྟངས་དང་མང་གཙོ། བོད་དང་ཧོང་ཀོང་གི་གནད་དོན་སོགས་གང་ཡང་སློབ་འཁྲིད་བྱེད་ཀྱི་མེད་ལས་དོན་དེར་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་ལྟའི་ཆར་དབྱིན་ཡུལ་ནང་གོང་ཞུས་ཀྱི་ཁུང་ཙིའི་སློབ་གྲ་ཞེས་པ་ཁག་ ༩༠ལྷག་པ་ཡོད་པ་དང་། སློབ་གྲ་དེ་དག་གི་སློབ་འཁྲིད་ཀྱི་ལས་དོན་ཆེད་རྒྱ་ནག་གཞུང་གིས་ལོ་རེར་དངུལ་ཨ་སྒོར་ཆིག་ཁྲི་རེ་སྤྲོད་ཀྱི་ཡོད་འདུག ཉེ་བའི་དུས་སྐབས་དེར་རྒྱ་ནག་གུང་བྲན་ཏང་གིས་འགྲོ་གྲོན་གཏོང་བའི་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་གཙུག་ལག་སློབ་གཉེར་ཁང་གི་ཁུང་ཙིའི་སློབ་གྲ་ཞེས་པ་དེ་དག་གི་ལས་དོན་བྱེད་ཕྱོགས་ཐོག་སྐྱོན་བརྗོད་ཧ་ཅང་གི་ཆེན་པོ་ཕོག་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་གིས་རྒྱ་ཡིག་གི་སློབ་འཁྲིད་དེ་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་ཡོད་ཅིང་། སྔ་ལོ་ཕྱི་ཟླ་༡༠པའི་ནང་ཁེ་ན་ཊའི་ཀྲོ་རན་ཀྲོའི་སློབ་གྲ་ཁག་ནང་ཁུང་ཙིའི་སློབ་གྲ་དེ་དག་འགོ་འཛུགས་མི་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎