རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཆོས་བྱེད་པ་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ།

2022.05.20
རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཆོས་བྱེད་པ་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ། ཨོསི་ཊརེ་ལི་ཡའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཆོས་བྱེད་པ་རྣམས་ལ་དམ་དྲག་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་སྐབས། ༠༥།༡༧།༢༠༢༢
tibet.net

ཨོསི་ཊརེ་ལི་ཡའི་(Australia)་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australia Tibet Council)་ཡིས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འོག་ཏུ་བཅུག་ནས་ལོ་ངོ་ ༢༧འཁོར་བའི་དུས་དྲན་དང་སྟབས་བསྟུན། བོད་ནང་རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་ཆོས་བྱེད་པ་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་ཚེས་༡༧ཉིན་ཡུལ་དེའི་(NSW)་ཞེས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བཏོན་གནང་ཡོད་འདུག
དེའི་ཐད་ཨོསི་ཊརེ་ལི་ཡའི་(Australia)་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australia Tibet Council)་ཡི་འགན་འཛིན་ལྕམ་(Zoe Bedford)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། ཁོང་ཚོའི་ཚོགས་པའི་ངོས་ནས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་དེ་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་སྲོལ་བཞིན་གནང་དགོས་བ་ལས་རྒྱ་ནག་གཞུང་གི་ཐེ་གཏོགས་མི་ཡོང་ཆེད། ཨ་མི་རི་ཀས་སྲིད་ཇུས་གཏན་འཁེལ་གནང་བ་བཞིན་ཨོསི་ཊརེ་ལི་ཡའི་ངོས་ནས་དེ་ལྟར་ཡོང་ཐབས་དང་། ད་དུང་བོད་ནང་ཕར་འགྲོ་ཚུར་ཡོང་རང་དབང་གི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས་བའི་དགོས་འདུན་བཏོན་པ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་སྐར་མ་སེང་གེ་ལགས་ཀྱིས་ད་ཐེངས་ཨོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བཏོན་གནང་བའི་སྙན་ཐོ་དེས་བོད་ནང་གི་དངོས་ཡོད་གནས་སྟངས་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཡོད་པ་ཙམ་མ་ཟད། ཨོསི་ཊརེ་ལི་ཡའི་གཞུང་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ལངས་ཕྱོགས་སྲིད་བྱུས་ཤིག་གཏན་འབེབས་གནང་རྒྱུར་དགོངས་འཆར་ཡོང་བ་ཆགས་ཀྱི་ཡོད་པ་རེད་ཅེས་གསུང་འདུག
སྐབས་དེར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཟུར་པ་ཡེ་ཤེས་སྟོབས་ལྡན་ལགས་ཀྱིས་རང་ཉིད་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་བའི་ལོ་རྒྱུས་དང་། བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གོང་ཞུས་སྙན་ཐོ་དེ་བཏོན་སྐབས་ཨོསི་ཊརེ་ལི་ཡའི་(NSW)་གྲོས་ཚོགས་ཀྱི་
འཐུས་མི་སྐུ་ཞབས་(Jamie Parker)་དང་བོད་མིའི་སྒྲིག་འཛུགས་ཀྱི་ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་སྐར་མ་སེང་གེ་ལགས། ཁུལ་དེར་གནས་སྡོད་གནང་མཁན་གྱི་བོད་མི་རྣམས་མཉམ་ཞུགས་གནང་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎