བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་སྐུ་ཚབ་ཀྱིས་རྒྱ་གར་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གནང་བཞིན་འདུག

2023.08.16
བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་སྐུ་ཚབ་ཀྱིས་རྒྱ་གར་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གནང་བཞིན་འདུག
དབུས་བོད་མིའི་སྒྲིག་འཛུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཁག་ཅིག་གིས་ཕྱི་ཟླ་ ༨ ཚེས་ ༡༢ ནས་ ༢༤ བར་རྒྱ་གར་གྱི་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་འདུག་ཅིང་།  འདི་ནི་ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིར་ཐབས་བྱུས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཚོགས་པའི་སྐབས་སུ་གཏན་འབེབས་ཀྱི་ཡིག་ཆ་བཏོན་པའི་དགོངས་དོན་ཡིན་པ་རེད། 

སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱོགས་ཕེབས་ཞུ་གཏུགས་ཀྱི་ལས་རིམ་ཁྲོད།  སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་རྒྱ་གར་གྱི་མངའ་སྡེ་ Rajasthan (རཇིསི་ཐན་) དང་ Gujurat (གུ་ཇུ་རཏ་)ནང་ཕེབས་ཏེ།  རཇིསི་ཐན་གྱི་གྲོང་ཁྱེར་ཇཡེ་པུར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ Saurabh Saraswat (སྭོ་རསྦ་སརཱསི་ཝ་ཏི་) ལགས་དང་ Bharat Tibbat Sangh ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཅས་དང་མཇལ་མོལ་གནང་ཞིང་། ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རཇིསི་ཐན་མངའ་སྡེའི་སྲིད་སྐྱོང་ Kalraj Mishra (ཀལིརཇ་མིཤྲ་) ལགས་དང་མཇལ་འཕྲད་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་མཚན་ཐོག་ནས་གནང་བའི་བོད་དོན་ཞུ་ཡིག་མངའ་སྡེའི་སྲིད་སྐྱོང་མཆོག་ལ་ཕུལ་འདུག

ཡང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དབུ་ད་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་བཀྲིས་རྡོ་རྗེ་ལགས་བཅས་ནུབ་བྷེང་གྷལ་མངའ་སྡེའི་གྲོང་ཁྱེར་ཀོལ་ཀ་ཏར་ཕེབས་ཏེ།  ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Ruby Mukherjee (རུསྦི་སྦེནར་འཇི་) དང་ཚོགས་མི་བཅས་དང་མཇལ་འཕྲད་གནང་པ་དང་།  ཕྱི་ཚེས་ ༡༣ ཉིན་ Swami Suparnananda (སྭོཝམི་སུཔར་ནན་དྷ་) ལགས་དང་ Swami Antar Himalaya (སྭོཝམི་ཨནྟར་ཧི་མ་ལ་ཡ།) སློབ་དཔོན་ Pulak Narayan Dhar (པལཱཀ་ནརྱན་དྷར།) སློབ་དཔོན་འཇིགས་མེད་ཡེཤེས་ལགས་ཀྱིས་གཙོས་ཆེས་མཐོའི་མི་སྣ་ ༣༠ ལྷག་གིས་ལྷན་ཞུགས་གནང་ཐོག་བོད་དོན་གོ་རྟོགས་ཀྱི་ལས་གཞི་སྤེལ་གནང་བ་དང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྐོར་དང་བོད་ཀྱི་ལོ་རྒྱུས།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་ཞུས་འདུག

དེ་བཞིན་སྤྱི་འཐུས་མིང་འགྱུར་རྡོ་རྗེ་ལགས་དང་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཏ་མིལ་ན་ཌུ་དང་། ཀེརེ་ལ་བཅས་སུ་ཕེབས་འཆར་ཡོད་པ་རེད།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎