དྲུག་བཞིའི་སྐབས་འདས་པོའི་ནང་མིར་གུན་གསབ།

རྒྱ་ནག་གཞུང་གིས་གུན་གསབ་སྤྲོད་རྒྱུའི་སྐད་ཆ་བཤད་པ་ལས་དགོངས་སེལ་དང་དྲག་གནོན་གྱི་བྱ་སྤྱོད་ངོས་ལེན་བྱ་རྒྱུའི་འཆར་གཞི་མི་འདུག

2011.05.31

༄༅༎རྒྱ་ནག་གཞུང་གིས་དེ་སྔ་༡༩༨༩ ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་སྐབས་རྐྱེན་འདས་སུ་ཕྱིན་པའི་སློབ་ཕྲུག་གི་ནང་མི་ཚོར་རྒྱ་ནག་གཞུང་གིས་གུན་གསབ་སྤྲོད་རྒྱུའི་སྐད་ཆ་བཤད་པ་ལས་དགོངས་སེལ་དང་དྲག་གནོན་གྱི་བྱ་སྤྱོད་ངོས་ལེན་བྱ་རྒྱུའི་འཆར་གཞི་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༢༢ འཁོར་བའི་དྲན་གསོའི་ཉིན་མོ་འཁེལ་བ་ལྟར་དེ་རིང་དྲུག་བཞིའི་དོན་རྐྱེན་ནང་རང་ཉིད་ཀྱི་ཕྲུ་གུ་འདས་གྲོངས་སུ་ཕྱིན་པའི་སྐྱེས་མ་༡༢༧ གྱིས་ས་རྟགས་བཀོད་པའི་ཡི་གེ་འགྲེམས་སྤེལ་བྱས་པའི་ནང༌།  རྒྱ་ནག་གི་བདེ་འཇགས་དཔོན་རིགས་ནས། ཁ་སྔོན་ཕྱི་ཟླ་གཉིས་པ་ནས་བཟུང་དྲུག་བཞིའི་དོན་རྐྱེན་ནང་རྐྱེན་འདས་སུ་ཕྱིན་པའི་ནང་མི་ཞིག་ལ་གུན་གསབ་ཀྱི་དངུལ་སྤྲོད་རྒྱུའི་སྐོར་བཤད་ཡོད་པ་དང༌། ད་དུང་དངུལ་མང་ཉུང་ག་ཚོད་གུན་གསབ་འཇལ་དགོས་མིན་བཤད་ཡོད་པ་ལས། མི་དམངས་ལ་གནས་ཚུལ་བདེན་པ་གང་ཡིན་བཤད་མེད་པའི་ཁར། དྲུག་བཞིའི་དོན་རྐྱེན་ནང་རྐྱེན་འདས་སུ་ཕྱིན་པའི་གྱོད་དོན་རེ་རེར་ཁྲིམས་མཐུན་གྱི་ཐོག་ནས་ཞིབ་འཇུག་བྱས་མེད་ལ་ངོས་ལེན་ཐུབ་པའི་འགྲེལ་བརྗོད་གང་ཡང་བྱས་མེད་པའི་སྐོར་བཀོད་ཡོད་པ་རེད།

དེ་སྔ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་ཚོས་དམངས་གཙོའི་ལས་འགུལ་སྤེལ་ནས་གཟའ་འཁོར་འགའ་ཤས་ཕྱིན་པའི་ཉིན་ཞིག་ཕྱི་ཟླ་དྲུག་པའི་ཚེས་༤ ཉིན་རྒྱ་ནག་གཞུང་གིས་སློབ་ཕྲུག་ཐོག་ལྕགས་འཁྲབ་འཁོར་ལོ་དང་དམག་དཔུང་གི་རྒྱབ་སྣོན་བྱས་ཏེ་དྲག་གནོན་ཚབས་ཆེ་བྱས་ཡོད་ཀྱང༌། རྒྱ་ནག་གཞུང་གིས་གསར་བརྗེའི་ངོ་རྒོལ་གྱི་ལས་འགུལ་ཡིན་པ་ཉེས་འཛུགས་བྱས་པ་མ་ཟད། སྐབས་དེའི་དྲག་གནོན་ནང་བསད་པའི་སློབ་ཕྲུག་གི་གྲངས་ཀ་བཏོན་གྱི་མེད་ཅིང༌། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་དངོས་སུ་གནས་ཚུལ་མཐོང་མཁན་གྱིས། ཕལ་ཆེར་སློབ་ཕྲུག་སྟོང་ཕྲག་འགའ་ཤས་བསད་ཡོད་པ་གསུང་གི་ཡོད་པ་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་བསད་པའི་སྐྱེས་མ་ཚོས་ཀྱང་ཁོང་ཚོར་སློབ་ཕྲུག་༢༠༣ བསད་པའི་ཡིག་ཆ་ཡོད་པ་མ་ཟད། ད་དུང་མང་པོ་ཞིག་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་འགྲེལ་བརྗོད་བྱེད་པ་དང༌། དམིགས་བསལ་ཁོང་ཚོ་སྐྱེས་མ་ཚོས་ལོ་མང་རིང་ལ་རྒྱ་ནག་གཞུང་གིས་ཁོང་ཚོ་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་སྒོ་མོ་ཕྱེ་དགོས་པ་དང༌། སློབ་ཕྲུག་དེ་དག་དྲག་གནོན་ནང་བསད་པའི་ནག་ཉེས་ངོས་ལེན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎