དགེ་འདུན་པ་གསུམ་ལ་བཙོན་ཁྲིམས་བཅད་འདུག

ཉ་འཚོ་ཟིལ་དཀར་དགོན་གྱི་དགེ་འདུན་གསུམ་ལ་ལོ་གཅིག་ནས་གཉིས་བར་གྱི་བཙོན་ཁྲིམས་བཅད་འདུག

2012.03.18

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་སྐྱེ་རྒུ་མདོའི་ཁྲི་རྡོ་རྫོང་གི་སྒ་སྟོད་གྲོང། ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་གསུམ་ལ་མི་ལོ་གཅིག་ནས་གཉིས་བར་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༡༧ ཉིན་བོད་ཀྱི་བང་ཆེན་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཁམས་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང་གི་ཉ་མཚོ་ཟིལ་དཀར་དགོན་པའི་སྐུ་ཞབས་བསོད་ནམས་དགེ་བ་ལགས་དང༌། བློ་བཟང་བསམ་གཏན་ལགས། བློ་བཟང་ཉི་མ་ལགས་བཅས་སུ་ཕྱི་ཟླ་གསུམ་པའི་ཚེས་༡༧ ཉིན་ཟི་ཁྲོན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ཏུ་གསང་བའི་ཁྲིམས་བཤེར་བྱས་ཏེ། སྐུ་ཞབས་བསོད་ནམས་དགེ་བ་ལགས་སུ་ལོ་གཉིས་དང༌། སྐུ་ཞབས་བློ་བཟང་བསམ་གཏན་ལགས་དང་སྐུ་ཞབས་བློ་བཟང་ཉི་མ་ལགས་སོ་སོར་ལོ་གཅིག་དང་ཟླ་བ་དགུའི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད། ད་རེས་ཁོང་གསུམ་ལ་རྒྱ་ནག་གཞུང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་བཙོན་འཇུག་ཉེས་ཆད་བཏང་བ་དེར་ས་གནས་མི་དམངས་ཚོས་འདོད་བློར་མ་ཕྱིན་པའི་རྣམ་འགྱུར་བཏོན་པ་མ་ཟད། ཟིལ་དཀར་དགོན་པའི་དགེ་འདུན་པ་ཚོས་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུའི་འཆར་གཞི་བྱས་ཡོད་ཀྱང༌། དགོན་པའི་མཁན་པོ་སོགས་ལས་སྣེ་བས། ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་རྒྱ་ནག་གཞུང་གིས་དྲག་པོའི་གོ་མཚོན་བེད་སྤྱད་དེ་དྲག་གནོན་བྱ་རྒྱུ་ཡིན་པས་གྱོང་གུད་དེ་ང་ཚོར་ཕོག་རྒྱུ་ཡིན་པས། ད་རེས་ངོ་རྒོལ་གྱི་ལས་འགུལ་མ་སྤེལ་བའི་ཞུ་བ་ཐེངས་མང་བྱ་དགོས་བྱུང་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ཁྲི་རྡུ་རྫོང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་ད་ལྟ་བར་དུ་ཟིལ་དཀར་དགོན་པའི་དགེ་འདུན་པ་ཡོངས་རྫོགས་དགོན་པའི་ཕྱིར་འགྲོ་བསྐྱོད་རང་དབང་མེད་པར་བཀག་འགོག་བྱས་ཏེ་བཟང་བཙོན་ལྟ་བུ་དོ་དམ་བྱེད་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བཞིན་པར་དགེ་འདུན་པ་རྣམས་བསུན་བཙིར་ཆེན་པོ་བཟོ་བཞིན་ཡོད་པ་དང༌། གོང་གསལ་ཟིལ་དཀར་དགོན་པའི་དགེ་འདུན་པ་གསུམ་པོ་ཡང་རྒྱ་ནག་གཞུང་གིས་ཕྱི་ཟླ་གཉིས་པའི་ཚེས་༡༥ ཉིན་འཛིན་བཟུང་བྱས་པ་ནས་བཟུང་ད་བར་དུ་ཁོང་གསུམ་གྱི་གནས་སྟངས་དང་ག་པར་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད། ནང་མི་དང་ཐུགས་འཕྲད་ཀྱང་རྩ་བ་ནས་བྱེད་བཅུག་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎