རྨ་ཆུ་རྫོང་གི་བོད་མི་གསུམ་ལ་བཙོན་འཇུག་ཉེས་ཆད་བཀལ་འདུག

ཉེ་ཆར་རྨ་ཆུ་རྫོང་ནང་བོད་མི་གསུམ་འཛིན་བཟུང་བྱས་པ་རྣམས་ལ་མི་ལོ་༡༢ནས་༡༥བར་གྱི་བཙོན་འཇུག་ཉེས་ཆད་བཀལ་ཡོད་པ་རེད་

2008.07.20

༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབ་ ནོར་བུ་གླིང་གའི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནང་ཕྱག་ལས་གནང་མཁན་ མདོ་སྨད་རྨ་ཆུ་རྫོང་ནས་ཡིན་པ་ སྐུ་ཞབས་སྒྲོལ་དཀར་སྐྱབས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཁ་ས་བཏང་བའི་གནས་ཚུལ་གཞིར་བཟུང་བྱས་ན་ ད་ལོའི་ཕྱི་ཟླ་ ༣པའི་ནང་བོད་རྒྱལ་ཡོངས་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་ཚུལ་གྱིས་ ཕྱི་ཟླ་༤ པའི་ཚེས་ ༡༡ ཉིན་རྨ་ཆུ་རྫོང་གི་ས་གནས་རྒྱ་མིའི་ཉེན་རྟོག་མི་སྣས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པ་རེད་ བོད་མི་གསུམ་ལ་ཁ་སྔོན་ཕྱི་ཟླ་ ༦པའི་ཚེས་ ༡༥པའི་ཉིན་རྨ་ཆུ་རྫོང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ མི་ལོ་ ༡༢ ནས་ ༡༥ བར་གྱི་བཙོན་འཇུག་ཉེས་ཆད་བཀལ་ཡོད་པ་རེད་ བོད་མི་གསུམ་པོ་དེ་དག་ནི་ རང་ལོ་༢༠ཡིན་པ་ནུར་མ་གོང་མའི་ སྒྲོལ་སྐྱབས་ཚང་གི་བླ་མ་སྐྱབས་དང་ རང་ལོ་༣༠ར་སོན་པ་རང་མཆོག་ཚང་གི་མཁས་མཆོག་དང་ རང་ལོ་༡༦ལ་སོན་པའི་ནུར་མ་གཞོལ་མའི་དཀོན་མཆོག་བཅས་ཡིན་པ་རེད་ ནོར་བུ་གླིང་ག་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནང་ཕྱག་ལས་གནང་མཁན་ འཁྲུངས་ཡུལ་མདོ་སྨད་ རྨ་ཆུ་རྫོང་ནས་ཡིན་པ་ སྐུ་ཞབས་སྐྲོལ་དཀར་སྐྱབས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་གསལ་ལྟར་ན་ རང་ལོ་ ༢༠ཡིན་པ་ནུར་མ་གོང་མའི་སྒྲོལ་སྐྱབས་ཚང་གི་བླ་མ་སྐྱབས་ལ་བཙོན་འཇུག་ཉེས་ཆད་ལོ་ ༡༥ རིང་དང་ རང་ལོ་ ༣༠ར་སོན་པ་རོང་མཆོག་ཚང་གི་མཁས་མཆོག་ལ་ཉེས་ཆད་ལོ་ ༡༣ རིང་དང་ ད་ལྟ་རང་ལོ་༡༦ཙམ་ཡིན་པའི་ནུར་མ་གཞོལ་མའི་དཀོན་མཆོག་ལ་མི་ལོ་ ༡༢ རིང་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད་ དེ་བཞིན་ཁ་སྔོན་ཕྱི་ཟླ་༥པའི་ཚེས་ ༡༤འི་ཉིན་ མུར་ཕྱེ་དགོན་གྱི་གྲ་པ་གསུམ་ ཨ་མདོ་རྔ་བ་རུ་བསྐྱར་དུ་འཛིན་བཟུང་གིས་ དེང་སྐབས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙོན་འཇུག་བྱས་ཡོད་པ་རེད་ ད་ལོའི་ཕྱི་ཟླ་༣པའི་ཚེས་༢༢དང་༢༣ཉིན་འཛིན་བཟུང་བྱས་པའི་བློ་གྲོས་དང་ སྤོས་སྦྱིན་དཀོན་མཆོག་གཉིས་ད་ལྟའང་བཙོན་ཁང་ནང་བཀག་དཀྱིལ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎