༸གོང་ས་མཆོག་དང་ཨོ་སྦ་མ་མཇལ་འཕྲད་ལ་བོད་ནང་དགའ་ཚོར།

༸གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་གནང་བའི་ཉིན་ཨ་མདོ་རྔ་པ་ཁུལ་བོད་མི་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

2010.02.19

༄༅༎རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་གནང་བའི་ཉིན། བོད་ཀྱི་ཨ་མདོ་རྔ་པ་ཁུལ་གྱི་རྒྱ་ལམ་ཐོག་བོད་མི་འདུ་འཛོམས་ཀྱིས་དགའ་སྤྲོའི་རྣམ་པ་དང་སྦྲགས་བོད་དོན་ཐོག་ལ་རེ་བ་ཞིག་ཡོང་རྒྱུའི་ལྷ་གསོལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

བོད་ཀྱི་ཨ་མདོ་རྔ་པ་ཁུལ་གྱི་བོད་མི་ཚོས་འདི་ལོའི་ལོ་གསར་དགའ་དགའ་སྤྲོ་སྤྲོ་མ་བྱས་པར། ཕྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་གི་དྲག་གནོན་འོག་རྐྱེན་འདས་སུ་ཕྱིན་པ་དང་བཙོན་འཇུག་བྱས་པ། གར་སོང་ཆ་མེད་དུ་གྱུར་བའི་ཡ་ང་བའི་བོད་མི་ཚོར་དྲན་གསོ་དང་མྱ་ངལ་ཞུ་བའི་རྣམ་པ་དེ་རེས་གཟའ་ཕུར་བུའི་ཉིན་དགའ་སྤྲོ་དང་རེ་བས་ཁེངས་པའི་རྣམ་པ་ཞིག་ཏུ་གྱུར་ཏེ། རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་དགོན་པའི་སྐུ་ཚབ་ཚེ་རིང་ལགས་ཀྱིས་ཕ་ཡུལ་གསར་འགོད་པར་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། དེ་ཉིན་༸གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་ཚོུད་གཉིས་ཀྱི་གོང་དེར་ཨ་མདོ་རྔ་པ་ཁུལ་གྱི་ཉེ་འཁོར་གྲོང་གསེབ་ཁག་ནས་བོད་མི་སྟོང་ཕྲག་གཉིས་ལྷག་ཙམ་རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་ཀྱི་རྒྱ་ལམ་ཐོག་འདུ་འཛོམས་ཀྱིས་གསང་གསོལ་གྱི་དབུ་བ་ཁེངས་པ་དང་རླུང་རྟ་འཕེལ་བའི་རླུང་རྟའི་ཤོག་བུ་མཁའ་དབྱིངས་སུ་གཏོར་ཏེ། ད་རེས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེར་རེ་བ་ཞིག་ཡོང་རྒྱུའི་སྨོན་ལམ་འདེབས་ཡོད་པ་དང་དེ་བཞིན་བོད་མི་ཚོར་ཕན་ཚུན་རྩམ་པ་གཤོ་རེས་བྱས་པ་དང་བོད་ཀྱི་ལྷ་ཀླུ་ཞི་བདག་རྣམས་དབུ་འཕང་མཐོ་བའི་ཀི་ཀི་སོ་སོ་འཐེན་པ་སོགས་བྱས་ཏེ་བོད་མི་དེ་དག་གིས་ད་རེས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེའི་ཐོག་ནས་མ་འོངས་པའི་བོད་ཀྱི་གནད་དོན་ཐོག་ལ་ཡར་རྒྱས་སམ་བཟང་ཕྱོགས་ཀྱི་འཕེལ་རིམ་ཞིག་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། དེ་ཉིན་བོད་ཀྱི་རྔ་པ་ཁུལ་གྱི་བོད་མི་ཚོས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཔྲད་དེར་རེ་བའི་དགའ་སྤྲོ་འཕེལ་བའི་རྣམ་པས་ཁེངས་པ་དང་གསང་གསོལ་གྱི་བྱེད་སྒོ་སྤེལ་བ་ཙམ་མ་ཡིན་པར། བོད་ཀྱི་ས་ཁུལ་གཞན་དག་ཁག་འགའ་ཤས་ནང་ལའང་གཅིག་མཚུངས་ཀྱི་བྱེད་སྒོ་སྤེལ་ཡོད་ཀྱང་ད་ལྟའི་འཆར་གསར་འགྱུར་བརྒྱུད་ལམ་ཐོག་ཐོན་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎