རྒྱ་ནག་ནང་ཕྲུ་གུའི་རྩེད་ཆས་ཀྱི་བཟོ་གྲྭ་གཉིས་སྒོ་རྒྱབ་ཡོད་པ།

རྒྱ་ནག་ནང་ཕྲུ་གུའི་རྩེད་ཆས་ཀྱི་བཟོ་གྲྭ་སྒོ་རྒྱབ་པའི་རྐྱེན་གྱིས་མི་གྲངས་སྟོང་ཕྲག་བདུན་ལས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

2008.10.17

༄༅༎རྒྱ་ནག་ནང་ཕྲུ་གུའི་རྩེད་ཆས་ཀྱི་བཟོ་གྲྭ་སྒོ་རྒྱབ་པའི་རྐྱེན་གྱིས་མི་གྲངས་སྟོང་ཕྲག་བདུན་ལས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་དེང་སང་རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཉམས་ཉེས་ཀྱི་ཤུགས་རྐྱེན་འོག་སི་མའཏེ་ཡུ་ནིཡེན་ཞེས་རྒྱུན་ལྡན་ཨ་མི་རི་ཀའི་མཱ་ཊེལ་དང་ཌིསི་ནི་ཞེས་པའི་བཟོ་ཚོང་ལས་ཁང་ཆེ་ཁག་གཉིས་ལ་ཕྲུ་གུའི་ཙེད་ཆས་རིགས་ཚོང་འགྲེམས་བྱ་མཁན་རྒྱ་ནག་གི་ཕྲུ་གུའི་རྩེད་ཆས་ཀྱི་བཟོ་ཚོང་ལས་ཁང་ཞིག་གི་མ་རྩ་བརྡིབས་པའི་རྐྱེན་གྱིས་རྒྱ་ནག་ལྷོ་ཕྱོགས་ཁུལ་གྱི་ཡན་ལག་བཟོ་གྲྭ་གཉིས་སྒོ་རྒྱབ་ཡོད་པ་དང་ལས་མི་རྣམས་གླ་མེད་བཟོ་གྲྭའི་ཕྱི་ལ་ལུས་ཡོད་སྟབས་ངོ་རྒོལ་དང་ཟིང་ཆ་སློང་སྲིད་པར་ས་གནས་གཞུང་གི་བློ་འཚབ་བྱེད་ཡུལ་དུ་གྱུར་ཡོད་པ་རེད་

སི་མའཏེ་ཡུ་ནིཡེན་ཞེས་པའི་བཟོ་ཚོང་ལས་ཁང་དེ་མ་རྩ་བརྡིབས་པར་བརྟེན་ནས་ཕྲུ་གུའི་རྩེད་ཆས་ཀྱི་ཡན་ལག་བཟོ་གྲྭ་གཉིས་སྒོ་རྒྱབ་རྒྱུ་ཡིན་སྐོར་རེས་གཟའ་པ་སངས་ཉིན་དྲ་རྒྱའི་ཐོག་གསལ་བསྒྲགས་བྱས་ཡོད་པ་ལས་ལས་མི་ཚོའི་མདུན་ལམ་སྐོར་གསལ་བཤད་གང་ཡང་བྱས་མེད་པ་རེད་ ཕྲུ་གུའི་རྩེད་ཆས་ཀྱི་བཟོ་གྲྭ་ཆགས་ཡུལ་ཀྲང་མུའུ་ཐོའུ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་པས་བརྗོད་ན་རྩེད་ཆས་ཀྱི་བཟོ་གྲྭ་ཁག་གཉིས་སྒོ་རྒྱབ་པ་དེས་མི་གྲངས་སྟོང་ཕྲག་དྲུག་དང་བདུན་ཙམ་ལས་མེད་དུ་འགྱུར་རྒྱུའི་གནས་སྟངས་ཆགས་ཡོད་པ་དང་ད་ལྟའི་ཆར་ས་གནས་གཞུང་གིས་བཟོ་གྲྭའི་ལས་མི་རྣམས་ལ་གུན་གསབ་དང་གླ་ཕོགས་ཀྱི་ཐོབ་ཆའི་སྐོར་བཟོ་ཚོང་ལས་ཁང་དང་ལྷན་དུ་བཀའ་གྲོས་བྱ་མུས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ལྷོ་རྒྱ་ནག་ཞེས་པའི་ཧོང་ཀོང་གི་ཉིན་རེའི་གསར་ཤོག་གི་གནས་ཚུལ་ནང་གསལ་ལྟར་ན་གོང་གསལ་རྒྱ་ནག་ནང་ཕྲུ་གུ་རྩེད་ཆས་ཀྱི་བཟོ་གྲྭ་དེ་གཉིས་ནས་བཟོ་གྲྭའི་ལས་བྱེད་རྣམས་ལ་བདུན་ཕྲག་དྲུག་ཙམ་གྱི་གླ་ཕོགས་སྤྲོད་རྒྱུ་ལྷག་ཡོད་པ་དང་བདུན་ཕྲག་འདིའི་འགོ་སྟོད་ནས་བཟུང་བཟོ་གྲྭའི་ལས་མི་རྣམས་ནས་རང་སོ་སོའི་ལས་ཀའི་གནས་བབ་སྐོར་གནས་ཚུལ་ཤེས་རྟོགས་དང་དེ་བཞིན་གླ་ཕོགས་ཀྱི་ཐོབ་ཆ་རྩོད་ལེན་ཆེད་བཟོ་གྲྭའི་ཕྱི་ལ་འདུ་འདོམས་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎