འབར་མའི་མི་དམངས་མང་པོ་རྒྱ་ནག་ཏུ་བྲོས་བྱོལ་སླེབས་པ།

འབར་མའི་གྲངས་ཉུང་མི་དམངས་སྟོང་ཕྲག་མང་པོ་ཞིག་ས་མཚམས་བརྒལ་ནས་རྒྱ་ནག་ས་ཐོག་བྲོས་བྱོལ་དུ་འབྱོར་ཡོད་སྐོར།

2009.08.26

༄༅༎འབར་མའི་དྲག་པོའི་གཞུང་གི་དཔུང་དམག་དང་གོ་མཚོན་ཐོགས་པའི་གྲངས་ཉུང་མི་རིགས་ཀྱི་ཤོག་ཁག་དབར་འཐེན་འཁྱེར་བྱུང་ནས་མི་དམངས་སྟོང་ཕྲག་མང་པོ་ཞིག་ས་མཚམས་བརྒལ་ནས་རྒྱ་ནག་ས་ཐོག་བྲོས་བྱོལ་དུ་འབྱོར་ཡོད་སྐོར་མིག་མཐོང་དཔང་པོ་ཚོས་དེ་རིང་བརྗོད་འདུག

འབར་མའི་ཤན་མངའ་སྡེའི་ཀོ་ཀང་ས་གནས་ནས་མི་འབོར་ཕོན་ཆེ་ཞིག་ཁ་ས་ས་མཚམས་བརྒལ་ནས་རྒྱ་ནག་ལྷོ་ཕྱོགས་ཡུན་ནན་ཞིང་ཆེན་གྱི་ནན་སང་གྲོང་ཚོའི་ནང་འབྱོར་ཡོད་སྐོར་ཁུལ་དེའི་ནང་གི་རོའུ་ཀྲར་གསར་ལས་ཁང་གི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་འདུག ཉེ་ཆར་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ནས་བཟུང་འབར་མའི་ཀོ་ཀང་ས་གནས་ནང་མི་གྲངས་ཁྲི་གཅིག་ཙམ་ཞིག་རྒྱ་ནག་ནང་བྲོས་བྱོལ་དུ་འབྱོར་ཡོད་སྐོར་ཀྲོང་ཆིང་དགོང་དྲོའི་གསར་ཤོག་ནས་གནས་ཚུལ་བཀོད་འདུག

ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ཨ་རིའི་འབར་མའི་ལས་འགུལ་ཁང་གིས་འགྲེལ་བརྗོད་གང་ཡག་ལ་འབར་མའི་དྲག་པོའི་གཞུང་གིས་ལོ་ངོ་བཅུ་ཕྲག་གཉིས་མན་ཙམ་རིང་ཕན་ཚུན་འཁྲུག་འཛིང་དང་མེ་འཕེན་མཚམས་འཇོག་བྱས་པའི་རྒྱ་མི་རིགས་མང་བ་གནས་སྡོད་བྱ་ཡུལ་འབར་མའི་ཀོ་ཀང་ས་གནས་ནང་དཔུང་དམག་ཆེད་རྫོངས་བྱས་ཡོད་པ་རེད།

གྲངས་ཉུང་མི་རིགས་མི་འདྲ་བ་བཞི་མཉམ་འབྲེལ་ཐོག་ནས་ཉེ་ལམ་གསར་འཛུགས་བྱས་པའི་འབར་མའི་ཞི་བདེ་དང་དམངས་གཙོ་མདུན་ཕྱོགས་ཚོགས་པ་བརྒྱུད་གྱེན་ལོག་རུ་ཁག་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འབར་མའི་དྲག་པོའི་གཞུང་གིས་ཉིས་སྟོང་བཅུ་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མ་ཚུགས་གོང་གྱེན་ལོག་པའི་དམག་མི་ཚོ་གཞུང་གི་ས་མཚམས་དཔུང་སྡེའི་ནང་འཛུལ་བཞུགས་བྱེད་དགོས་རྒྱུའི་བཙན་ཀ་གཏོང་བཞིན་ཡོད་སྐོར་བརྗོད་འདུག

འབར་མའི་དྲག་པོའི་དཔུང་དམག་དང་གྲངས་ཉུང་མི་རིགས་གྱེན་ལོག་པའི་དབར་ལོ་ངོ་བཅུ་ཕྲག་གཉིས་རྗེས་བསྐྱར་དུ་འཐབ་འཁྲུག་ལངས་སྲིད་པའི་འཇིགས་སྣང་འོག་མི་མང་པོ་ཞིག་འབར་མ་ནས་རྒྱ་ནག་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་སྐོར་འབར་མའི་ཞི་བདེ་དང་དམངས་གཙོ་མདུན་ཕྱོགས་ཚོགས་པས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎