འབར་མའི་འོས་བསྡུའི་རྗེས་མི་མང་པོ་ཞིག་བཙན་བྱོལ་དུ་བྲོས།

འབར་མའི་འོས་བསྡུའི་རྗེས་སུ་ནང་ཁུལ་ཟིང་ཆའི་རྐྱེན་པས་ས་མཚམས་ནས་མི་མང་པོ་ཞིག་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་འདུག

2010.11.08

༄༅༎འབར་མའི་འོས་བསྡུའི་རྗེས་སུ་ནང་ཁུལ་ཟིང་ཆའི་རྐྱེན་པས་ས་མཚམས་ནས་མི་མང་པོ་ཞིག་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

སྦི་སྦི་སི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མ་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་ནང་འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མཉམ་ཞུགས་བྱས་མེད་པ་དང་། དྲག་པོའི་སྲིད་གཞུང་གི་ཕྱོགས་སུ་བསྐྱོད་མཁན་ཆབ་སྲིད་ཚོགས་པ་གཉིས་ནས་མཉམ་ཞུགས་བྱས་ཡོད་ཀྱང་འོས་བསྡུའི་ལས་དོན་ནང་མཉམ་ཞུགས་བྱེད་མཁན་མང་པོ་བྱུང་མེད་པ་མ་ཟད་འོས་བསྡུ་དེ་དག་དྲང་བདེན་ཞིག་བྱུང་མེད་ལུགས་སྲིད་དོན་དབྱེ་ཞིབ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག འོན་ཀྱང་དྲག་པོའི་གཞུང་ཕྱོགས་ནས་འོས་བསྡུའི་ལས་དོན་ཚགས་ཚུད་བྱུང་ཡོད་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། འོས་བསྡུའི་ལས་དོན་གྲུབ་པའི་རྗེས་སུ་ས་མཚམས་སུ་གནས་སྡོད་ལོ་མང་པོའི་རིང་རང་སྐྱོང་གི་གནས་བབས་རྩོད་ལེན་བྱེད་མཁན་གྲངས་ཉུང་ཀ་རན་མི་རིགས་ཚོ་དང་། དྲག་པོོའི་གཞུང་གི་དམག་མིའི་དབར་འཁོན་འཁྲུགས་ཀྱིས་རྐྱེན་པས་མི་མང་པོ་ཞིག་ས་མཚམས་བརྒྱུད་ཐའེ་ལན་དྲིའི་ས་མཚམས་སུ་བྲོས་བྱོལ་དུ་ཡོང་བཞིན་ཡོད་ལུགས་ཐའེ་ལན་དྲིའི་འབྲེལ་ཡོད་ཚོས་འགྲེལ་བརྗོད་བྱ་འདུག

འབར་མའི་འོས་བསྡུའི་གྲངས་བཤེར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་འོས་བསྡུའི་གྲུབ་འབྲས་ཐོན་པའི་མཚམས་སུ་ནང་ཁུལ་ཟིང་ཆ་ཡོང་རྒྱུའི་ཉེན་ཁའི་འོག་ས་མཚམས་སུ་སྐྱབས་བཅོལ་དུ་གནས་སྡོད་བྱེད་བཞིན་པའི་ཀ་རན་མི་རིགས་མང་པོ་ཞིག་ནས་ཞེ་སྣང་བྱེད་ཀྱི་ཡོད་པ་མ་ཟད་གོ་སྐབས་ནམ་བྱུང་ཡུལ་གྲུ་གཞན་དུ་བྲོས་བྱོལ་དུ་བསྐྱོད་རྩིས་བྱེད་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎